རྒྱལ་སྤྱིའི་སློབ་ཆེན་པའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པ་ཁྲིན་ཏུའུ་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་སྒྲིལ།

2023-08-09
219

1.jpg

ཟླ8པའི་ཚེས8ཉིན། འཁྲབ་སྟོན་པས་མཇུག་སྒྲིལ་མཛད་སྒོའི་སྟེང་འཁྲབ་སྟོན་བྱེད་བཞིན་པ།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས8ཉིན་གྱི་དགོང་མོར། སྐབས་སོ་གཅིག་པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་ཁའི་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་སྲིད་ཨུ་ཡོན་ཧྲེན་དབྱི་ཆིན་མཛུག་སྒྲིལ་མཛད་སྒོར་ཞུགས།

 འདས་ཟིན་པའི་ཉིན12གྱི་ནང་རྒྱལ་ཁབ་དང་ས་ཁུལ113ནས་ཡོང་བའི་ལུས་རྩལ་པ6500ཡིས་ལང་ཚོའི་སྟོབས་ཤུགས་མངོན་ཏེ། ལང་ཚོའི་འོད་མདངས་འཕྲོ་བ་དང་སྤྲོ་སེམས་རབ་ཏུ་འཁོལ་བ། ཕུལ་དུ་བྱུང་བའི་རྣམ་པའི་ཐོག་ནས་ལང་ཚོ་དང་མཐུན་སྒྲིལ། མཛའ་བཤེས་བཅས་ཀྱི་ལེའུ་གསར་པ་བརྩམས། ཀྲུང་གོས་སྟབས་བདེ་དང་བདེ་འཇགས། ངོ་མཚར་ལྡན་པའི་འགྲན་བསྡུར་གྱི་འདུ་ཤེས་འཛིན་སྐྱོང་བྱས་ཏེ། གཟི་བརྗིད་ལྡན་པའི་ངང་ཁས་ལེན་དམ་བཅའ་ལག་བསྟར་བྱས་པས། གཞི་ཁྱོན་ཆེ་བའི་མཉམ་འབྲེལ་ཁྱིམ་ཚང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ། །

  • 顶