ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་དམིགས་བསལ་འཕྲིན་སྤེལ།

2023-08-02
947
  • སྒྱུ་རྩལ་རྩལ་སྦྱོང་གི་མཉམ་སྡེབ་ལྕགས་སྒོར་ལྔའི་རྩལ་རྩེད་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་ཨང་དང་པོ་བླངས་པ།

    ཟླ་7ཚེས་31ཉིན་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་སྒྱུ་རྩལ་རྩལ་སྦྱོང་རྣམ་གྲངས་ཀྱི་མཉམ་སྡེབ་ལྕགས་སྒོར་ལྔའི་རྩལ་རྩེད་ཀྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་སྐར་གྲངས་30.900གྱི་ཐོག་ནས་ཨང་དང་པོ་བླངས་པ་རེད།

    འདི་ནི་དེ་ཉིན་ཀྲུང་གོའི་རུ་ཁག་གིས་འགྲན་བསྡུར་བྱེད་བཞིན་པ།

  • བུད་མེད་ཀྱི་སྨི་10ཡི་མཆོང་སྟེགས་འགྲན་བསྡུར་ནང་ཀྲང་ཅ་ཆི་དང་ཀྲང་མིན་ཅེས་ཨང་དང་པོ་བླངས་པ།

    ཟླ་7ཚེས་31ཉིན་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་བུད་མེད་མི་གཉིས་ཀྱི་སྨི་10ཡི་མཆོང་སྟེགས་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཀྲང་ཅ་ཆི་དང་ཀྲང་མིན་ཅེ་ཡིས་སྐར་གྲངས་349.08ཀྱི་ཐོག་ནས་ཨང་དང་པོ་བླངས་པ་རེད།

    འདི་ནི་ཀྲང་ཅ་ཆི(གཤམ)དང་ཀྲང་མིན་ཅེས་འགྲན་བསྡུར་བྱེད་བཞིན་པ།

  • སྐྱེས་པའི་མི་གཉིས་ཀྱི་སྨི་གསུམ་གྱི་མཆོང་པང་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཧོང་པོ་དབུན་དང་ལེང་ཁྲའོ་ཧུའེ་ཡིས་ཨང་དང་པོ་བླངས་པ།

    འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་སྐྱེས་པའི་མི་གཉིས་ཀྱི་སྨི་གསུམ་གྱི་མཆོང་པང་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཧོང་པོ་དབུན་དང་ལེང་ཁྲའོ་ཧུའེ་ཡིས་སྐར་གྲངས་397.35ཡི་ཐོག་ནས་ཨང་དང་པོ་བླངས་པ་རེད།

    འདི་ནི་ཀྲུང་གོའི་བདམས་ཐོན་པ་ཧོང་པོ་དབུན་དང་ལེང་ཁྲའོ་ཧུའེ་ཡིས་གསེར་གྱི་རྟགས་མ་སྟོན་བཞིན་པ།

  • བུད་མེད་ཀྱི་སྤྱི་རྒྱ་78རིམ་པའི་སྦེ་གའི་འགྲན་བསྡུར་ནང་ ཅ་ཁྲུན་ཏིས་ཨང་དང་པོ་བླངས་པ།

    འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་སྦེ་གའི་རྣམ་གྲངས་ཀྱི་སྤྱི་རྒྱ་78རིམ་པའི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཅ་ཁྲུན་ཏིས་ཧན་གོའི་བདམས་ཐོན་པ་ཕེའོ་ཤིན་ཤིང་ལས་རྣམ་པར་རྒྱལ་ནས་གསེར་གྱི་རྟགས་མ་བླངས་པ་རེད།

    འདི་ནི་ཨང་དང་པོ་ལེན་མཁན་ཀྲུང་གོའི་བདམས་ཐོན་པ་ཅ་ཁྲུན་ཏི(གཡོན་གྱི་གཉིས་པ)དང་། ཨང་གཉིས་པ་ལེན་མཁན་ཧན་གོའི་བདམས་ཐོན་པ་ཕེའོ་ཤིན་ཤིང(གཡོན་གྱི་དང་པོ) ཨང་གསུམ་པ་ལེན་མཁན་པར་ཙིར་གྱི་བདམས་ཐོན་པ་མཱ་ཏིང་སི(གཡས་ཀྱི་གཉིས་པ)བཅས་དང་མོང་གོལ་གྱི་བདམས་ཐོན་པ་ཏ་མུའུ་པཱ་ཏ་ཨེར་ཀྲ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

  • སྒྱུ་རྩལ་རྩལ་སྦྱོང་གི་མཉམ་སྡེབ་ཀྱི་དར་སྐུད་གསུམ་དང་སྤོ་ལོ་གཉིས་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་དངུལ་གྱི་རྟགས་མ་བླངས་པ།

    འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་སྒྱུ་རྩལ་རྩལ་སྦྱོང་རྣམ་གྲངས་ཀྱི་མཉམ་སྡེབ་དར་སྐུད་གསུམ་དང་སྤོ་ལོ་གཉིས་ཀྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་སྐར་གྲངས་27.750གྱི་ཐོག་ནས་དངུལ་གྱི་རྟགས་མ་བླངས་པ་རེད།

    འདི་ནི་ཀྲུང་གོའི་རུ་ཁག་གིས་བྱ་དགའ་སྤྲོད་པའི་མཛད་སྒོར་བྱ་དགའ་ལེན་བཞིན་པ།

  • 顶