
མདའ་འཕེན། ཀྲུང་གོའི་རུ་ཁག་ལ་སྐྱེས་པའི་འདུས་གཞུ་ཚོཊ་པའི་ཨང་དང་པོ་ཐོབ་པ།
ཟླ་7ཚེས་30ཉིན་ཁྲེང་ཏུར་ཚོགས་པའི་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་སྐྱེས་པའི་འདུས་གཞུ་ཚོགས་པའི་གསེར་གྱི་རྟགས་མ་བརྩོན་ལེན་གྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་ལ་འབེན་སྒོར་ནང་ཕོག་གྲངས་231བསྡུར་224ཡི་སྐར་གྲངས་ཐོག་ནས་ཧྥ་རན་སེའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་ཐོབ་ཅིང་། འདི་ནི་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཁྲེན་ཡན་སུང་དང་། ཏུའུ་མེ་ཡུས། ཝང་ཧྲི་ཁུན(གཡོན་ནས་གཡས་བར)བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

སྒྱུ་རྩལ་ལུས་རྩལ། ཀྲུང་གོའི་རུ་ཁག་ལ་མཉམ་སྡེབ་ཀུན་ནུས་ཀྱི་ཨང་དང་པོ་ཐོབ་པ།
ཟླ་7ཚེས་30ཉིན་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་སྒྱུ་རྩལ་ལུས་རྩལ་རྣམ་གྲངས་ཀྱི་མཉམ་སྡེབ་ཀུན་ནུས་མཐའ་བསྡུར་གྱི་རེས་སྐོར་གཉིས་པ་ཁྲེང་ཏུར་བྱས་མཐར། ཀྲུང་གོའི་རུ་ཁག་ལ་བསྡོམས་སྐར་གྲངས་57.150ཐོབ་ནས་ཨང་དང་པོ་རག་ཅིང་། འདི་ནི་ཀྲུང་གོའི་རུ་ཁག་གི་རུ་མིས་འགྲན་བསྡུར་བྱེད་བཞིན་པ།

ཚ་ཁ་ལྟ་བ། སྐྱེས་པའི་སྨི་25ཡི་ཐུང་མདའ་མྱུར་འཕེན་ཚོགས་པ། ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ།
ཟླ་7ཚེས་30ཉིན་ཁྲེང་ཏུར་ཚོགས་པའི་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་སྐྱེས་པའི་སྨི་25ཡི་ཐུང་མདའ་མྱུར་འཕེན་ཚོགས་པའི་འགྲན་བསྡུར་ཁྲོད་ཞ་ཆི་དང་། ལིའུ་ཧྲོའེ། ཏོ་ཀྲི་ཁྲེང་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་ཐོབ་ཅིང་། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཞ་ཆི(གཡོན་གྱི་གཉིས་པ)ཡིས་འགྲན་བསྡུར་བྱེད་བཞིན་པ།
འཕྲིན་སྟེགས། weikangba