ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས20ཉིན་འཛམ་གླིང་གི་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པའི་དཔལ་འབར་ཁྲེང་ཏུའུ་ས་ཚིགས་སུ་བརྒྱུད་སྤྲོད་བྱེད་པའི་བྱེད་སྒོ་ཐེངས་བཞི་པ་སྤེལ་བ་རེད།
རྐྱལ་མཆོང་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་རེན་ཆན་ནི་དཔལ་འབར་འཁྱེར་མཁན་དང་པོ་དེ་ཡིན་པ་དང་། དེ་རྗེས་དཔལ་འབར་དེ་གློག་རྡུལ་ཚན་རྩལ་སློབ་ཆེན(ཆིང་ཧྲུའེ་ཧོ་སློབ་ཁུལ)དང་། ཞི་ཧྭ་སློབ་ཆེན། སི་ཁྲོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང(ཁྲེང་ཏུའུ་སློབ་ཁུལ)ལྷོ་ནུབ་རྡོ་སྣུམ་སློབ་ཆེན(ཁྲེང་ཏུའུ་སློབ་ཁུལ) སི་ཁྲོན་རོལ་དབྱངས་སློབ་ཆེན(ཤིན་ཏུའུ་སློབ་ཁུལ)བཅས་མཐོ་སློབ་ལྔ་རུ་རྒྱུན་མཐུད་ངང་བརྒྱུད་སྤྲོད་བྱས་ཤིང་། བསྡོམས་པས་དཔལ་འབར་འཁྱེར་མཁན155ཡིས་མཉམ་དུ་དེ་ཉིན་གྱི་བརྒྱུད་སྤྲོད་ལས་འགན་ལེགས་གྲུབ་བྱས་ཡོད། །