ཞི་ཅིན་ཕིང་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་བསྡུར་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་རེད།

2023-07-26
316

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུང་དབྱིན་གྱིས་ཚེས24ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ7པའི་ཚེས27ཉིན་ནས་ཚེས28ཉིན་བར་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་བསྡུར་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་ཞིང་། མགོ་རྩོམ་མཛད་སྒོར་ཞུགས་པ་དང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་མི་སྣར་དགའ་བསུའི་གསོལ་སྟོན་དང་འབྲེལ་ཡོད་ཕྱོགས་གཉིས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།

མགོ་རྩོམ་མཛད་སྒོར་ཞུགས་པ་དང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་མི་སྣ་ལ་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཙུའུ་ཁོ་དང་། མོ་རི་ཐ་ནི་ཡ་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཅཱ་ཙི་ཝ་ཉི། པུ་རུན་ཏི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེན་ཏ་དབྱི་སྨི་ཡེ། ཀུའེ་ཡ་ན་མཉམ་ལས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ལི། ཀོ་ལུའུ་ཅི་ཡའི་ཙུང་ལི་ཅཱ་ལི་པ་ཧྲི་ཝེ་ལི། ཧྥི་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་པུའུ་ལན་ཁ་བཅས་ཡོད།  

  • 顶