ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་དང་སློབ་སྦྱོང་ཟུར་ཁྲིད་ཀྱི་དཔྱད་ཡིག་པེ་ཅིན་དུ་ཐོག་མར་འགྲེམ་སྤེལ་བྱས་པ།

2024-08-14
268

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་དང་སློབ་སྦྱོང་ཟུར་ཁྲིད་དཔྱད་ཡིག་ཟླ7པའི་ཚེས24ཉིན་པེ་ཅིན་དུ་ཐོག་མར་འགྲེམ་སྤེལ་བྱས། 

མི་དམངས་དཔེ་སྐྲུན་ཁང་དང་ཏང་གི་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་། སློབ་སྦྱོང་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་དུ་བཏོན་པའི་ཚོགས་ཆེན་གྱི་ཡིག་ཆ་དང་སློབ་སྦྱོང་ཟུར་ཁྲིད་དཔྱད་གཞི་རིགས5ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ། 

རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པར་དབང་གྲགས་དང་ཡང་དག་པའི་ཀློག་དེབ་འདོན་སྤྲོད་བྱས་པ་རེད།

ཚོགས་ཆེན་གྱི་ཡིག་ཆ་དང་སློབ་སྦྱོང་ཟུར་ཁྲིད་ཀྱི་རྒྱུ་ཆ་རིགས5ཡི་ནང་། 

《ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》དེབ་རྐྱང་པར་མ་དང་།《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས》དེབ་རྐྱང་པར་མ།《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་ཕྱོགས་བསྒྲིགས》།《〈ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན〉ཟུར་ཁྲིད་ཀློག་དེབ》།《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈ཆོད་དོན་〉སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲིས་ལན་བརྒྱ་བ》བཅས་འདུས་ཡོད། 

  • 顶