ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཁྲང་ཧྲ་རུ་འཚོགས་པ།

2024-08-14
454

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཁྲང་ཧྲ་རུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་འཚོགས་ནས། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ངོ་སྤྲོད་བྱས་ཤིང་། ཧྥེ་གླིང་གི་རྒྱལ་ཁབ50ལྷག་ནས་ཡོང་བའི་ཕྱི་མགྲོན200ལྷག་སྒྲོག་སྤེལ་ཚོགས་འདུར་ཞུགས།

ཚོགས་འདུར་ཞུགས་པའི་ཧྥེ་གླིང་གི་འཐུས་མིས་ཀྲུང་དབྱང་མཉམ་འབྲེལ་པུའུ་ཡི་འགན་འཁུར་བ་དང་འབྲེལ་ཡོད་ཆེད་མཁས་པས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་དོན་སྙིང་གལ་ཆེན་སྐོར་གྱི་ངོ་སྤྲོད་ལ་ནན་ཏན་གྱིས་ཉན་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དེས་ཧྥེ་གླིང་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་དཔྱད་གཞི་སྔར་ལས་མང་བ་མཁོ་འདོན་བྱེད་ངེས་ཡིན་པ་དང་། ཧྥེ་གླིང་རྒྱལ་ཁབ་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་སྔར་ལས་ཤུགས་བསྣན་ཏེ། དེང་རབས་ཅན་གྱི་བྱ་གཞག་ལ་ལག་གདང་སྦྲེལ་ནས་མཉམ་དུ་ཆུ་ཚད་མཐོ་བའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་རྒྱུ་ཡིན་པར་བསྟན།  །

  • 顶