
སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཡུས་ཧྲུའུ་ཡི་དོན་ཆེན་ཡིན།
དེ་རིང་ང་ཚོས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་བསོད་ནམས་བསྟན་འཛིན་ལགས་ཚོགས་ཆེན་གཉིས་ཀྱི་བཅར་འདྲིའི་ལེ་ཚན་ནང་གདན་དྲངས་ཡོད། ང་ཚོས་འཐུས་མི་བསོད་ནམས་བསྟན་འཛིན་ལ་སྐྱེ་ཁམས་སྲུང་སྐྱོང་སྐོར་ནས་དགོངས་འཆར་གང་འདྲ་ཡོད་པར་ཅིག་བལྟ།

༢༠༢༣ལོར། ཡུས་ཧྲུའུ་ཁུལ་ལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ལྟ་སྐུལ་སྐུལ་འདེད་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་ཞེས་པའི་མཚན་སྙན་ཐོབ། ཡུས་ཧྲུའུ་གྲོང་ཁྱེར་ཡང་རྒྱལ་ཡོངས་ཀྱི་རི་སྔོན་པོ་དང་ཆུ་དྭངས་མོ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་རྟེན་གཞིར་གྱུར། རོང་པོ་མཚོ་བདེ་བླག་ངང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ལ་རེ་ཞུ་ཐུབ་པས། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲས་ལ་གནས་པ་རེད། སྐྱེ་ཁམས་ཉམས་ལེན་ཁོར་ཡུག་སློབ་གསོ་དང་རང་བྱུང་ཚན་རིག་རྟོག་ཞིབ། རྒྱལ་སྤྱིའི་གཡེང་བསྐྱོད་ཉམས་ལེན་སོགས་དམིགས་བསལ་ཆོག་དབང་སྤྲད་པའི་ཚོང་གཉེར་ལས་གཞི་གསུམ་འཚོལ་ཞིབ་དང་ལག་བསྟར་བྱས་ཡོད།

སྐྱེ་ཁམས་དོ་དམ་པ་ཁྲི་གསུམ་སྟོང་གཅིག་རི་ཆུ་སྐོར་བ་དང་རྩྭ་ཐང་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅས་ཀྱི་ལས་ལ་ཞུགས་པས། ཁྱིམ་ཚང་གཅིག་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་རག་པ་རེད། ཞིང་འབྲོག་མི་སེར་འབུམ་གཉིས་ཁྲི་གསུམ་གྱིས་རྒྱལ་ཁབ་རྩྭ་ཐང་བྱ་དགའ་དང་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་པ་རེད། ཆ་སྙོམས་ལོ་རེར་སྐྱེ་ཁམས་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་སྤྲད་ཡོད། གར་ས་གང་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མངོན།

༢༢༠༢༣ལོར། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་མཉམ་ལས་ཁང་བཞི་བཅུ་དང་ནོར་གནག་སྟོང་གི་གསོ་སྤེལ་རྟེན་གཞི་བརྒྱད། བོད་ལུག་སྟོང་གི་གསོ་སྤེལ་རྟེན་གཞི་བདུན་འཛུགས་སྐྲུན་བྱས་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་སྣེ་ཁྲིད་ཁེ་ལས་བཅོ་བརྒྱད་གསོ་སྐྱོང་བྱས། པེ་ཅིན་ཧྲུའུ་ནུང་ཚོགས་པ་དང་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རའི་ཕྱིར་འཚོང་མ་ལག་མཉམ་འཛུགས་བྱས། ཀྲུང་གོའི་ནོར་གནག་གི་ཕ་ས་ཞེས་པའི་མཚན་སྙན་ཐོབ། ཡུས་ཧྲུའུ་ནོར་གནག་ཐོན་ལས་དེ་སྐབས་དང་པོའི་ཀྲུང་གོའི་གྲོང་གསེབ་དར་རྒྱས་ཚོང་རྟགས་འདུ་ཚོགས་ཀྱི་ཐོན་ལས་དར་སྤེལ་གྱི་དཔེ་མཚོན་ཐོན་ལས་ཀྱི་གྲས་སུ་ཚུད། ཡུས་ཧྲུའུ་བྲག་སྐྱ་ལུག་དང་། ནོར་གནག ནས་ནག་བཅས་རྒྱལ་ཡོངས་ཀྱི་མིང་གྲགས་དང་ཁྱད་ལྡན། སྤུས་དག རྣམ་གསར་བཅས་ཀྱི་ཞིང་ལས་ཐོན་རྫས་ཀྱི་མིང་ཐོའི་ནང་ཚུད་པ། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ལྔ་ངོས་འཛིན་ཐོབ་པ་དང་། འབག་མེད་བཟའ་བཅའ་མཚོན་རྟགས་ཀྱི་བེད་སྤྱོད་དཔང་ཡིག་ཉེར་གཉིས་ཐོབ་པ་རེད། མཉམ་ལས་ཁང་གི་ཁེ་སྤོགས་སྒོར་བྱེ་བ་བཞི་ལས་བརྒལ། མི་སེར་གྱིས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་གཏོང་བར་ཁེ་ཕན་ཐོབ་པ་རེད།

ད་ལོའི་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ནང་བཏོན་པའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལུགས་བསྒྱུར་རིམ་སྤེལ་བྱེད་པའི་སྐོར་གླེང་སྐབས། བསོད་ནམས་བསྟན་འཛིན་གྱིས། ང་ཚོའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་ཁྱོན་ཡོངས་ནས་འབག་མེད་ལུགས་བསྒྱུར་བྱེད་དགོས། འདིའི་ནང་དུ་ཐོན་སྐྱེད་དང་འཚོ་བ། གྲོང་ཁྱེར། རྨང་གཞིའི་སྒྲིག་ཆས་སོགས་འབག་མེད་ལུགས་བསྒྱུར་བྱེད་པ་འདུས་ཡོད། དེའི་གཙོ་གནད་ནི་འཆར་འགོད་སྣེ་ཁྲིད་དང་། འབག་མེད་ལུགས་བསྒྱུར་གྱི་ངོ་བོ་ལ་བརྟེན་ནས་འདིའི་ཐད་ཀྱི་མཛུབ་སྟོན་ལས་ཀ་ཡག་པོ་སྒྲུབ་དགོས། མཐའ་མར་ཆེས་གལ་ཆེ་བ་ནི་རྒྱབ་རྟེན་འགན་སྲུང་བྱེད་དགོས་པ་དང་། དྭངས་གཙང་ནུས་ཁུངས་མ་ལག་རྒྱ་བསྐྱེད་ནས། དྭངས་གཙང་ནུས་ཁུངས་ལ་བརྟེན་ནས་འབག་མེད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། མཐར་འབག་མེད་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་པར་བྱེད་དགོས་ཞེས་བཤད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། ལྷ་མོ་བཀྲ་ཤིས།
ཞུ་དག མཁའ་འགྲོ་ཚེ་རིང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba