
ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ནས། ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་བསྒྲིལ་བ་རེད། གྲོས་ཚོགས་ཐོག མི་དམངས་སྲིད་གྲོས་ནང་ཞུགས་པའི་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་རྩ་འཛུགས། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་བསྐོར་དུ་མཐུན་སྒྲིལ་ཟབ་མོ་བྱས་ནས། བློ་སེམས་རྩེ་གཅིག་དང་ཇུས་འདོན་འབད་འབུངས་བྱས་ནས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་མུ་མཐུད་དུ་གསར་གཏོད་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད།
སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག མཇུག་བསྒྲིལ་གྲོས་ཚོགས་འཚོགས་མགོ་བརྩམས་ཤིང་།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་དང་ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལིའང་ཀྲེན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥུང་། ཅང་ཞིན་ཀྲི ཅང་ཙོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲོའུ་ཡུང་ཞིན། དབྱང་ཀྲེང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་རེད།
ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུ་རུ་བཞུགས་པ་རེད།
ཝང་ཧུའུ་ཉིང་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཨུ་ཡོན་ཉིས་སྟོང་བརྒྱ་དང་རེ་གཉིས་ཞུགས་དགོས་ལ། ཨུ་ཡོན་ཉིས་སྟོང་གྱ་ལྔ་དངོས་སུ་ཞུགསཐུབ་པས། གཏན་འབེབས་མི་གྲངས་དང་མཐུན་ནོ་ཞེས་ཁྱབ་བསྒྲགས་གནང་བ་རེད།
གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ནས་བཟུང་གྲོས་གཞི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ལྷན་གྲོས་གཞི་ཨུ་ལྷན་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
ཝང་ཧུའུ་ཉིང་གིས་གསུང་བཤད་ནང་དུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་དར་ཆ་མཐོན་པོ་བསྒྲེངས་ཤིང་དོན་དངོས་ནན་གཉེར། མཐུན་བསྒྲིལ་འབད་འབུངས་ཀྱི་ཚོགས་ཆེན་ཞིག་ཡིན་ལ། དགེ་མཚན་ལྡན་པའི་ནུས་པ་གཅིག་བསྡུས་དང་སྙིང་སྟོབས་ལེགས་པར་སྐུལ་བའི་ཚོགས་འདུ་ཞིག་ཏུ་གྱུར་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་བློ་མཐུན་ཚོགས་ཆེན་མགོ་ཚུགས་དང་མཇུག་བསྒྲིལ་ཚོགས་འདུར་ཞུགས་ཤིང་། ཨུ་ཡོན་ལ་འཚམས་འདྲི་ཞུས་པར་མ་ཟད་མཉམ་འབྲེལ་བགྲོ་གླེང་ནང་ཞུགས་ནས་ཨུ་ཡོན་རྣམས་དང་མཉམ་དུ་རྒྱལ་དོན་གླེང་བ་རེད། ཨུ་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་གོ་མིན་ཏང་གི་གསར་བརྗེ་ཨུ་ལྷན་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་གྲོས་ཚོགས་ནང་ཞུགས་དུས་ཀྱི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ལ་སློབ་སྦྱོང་ཡག་པོ་བྱེད་པ་དང་། སྲིད་གཞུང་ལས་ཀའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་བགྲོ་གླེང་ཟབ་མོ་བྱེད་ཅིང་། སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་དང་གྲོས་གཞི་ལས་ཀའི་གནས་ཚུལ་སྙན་ཞུ་སོགས་ཡིག་ཆ་ལ་གྲོས་ཞིབ་ཡག་པོ་བྱེད། ཐབས་འདོན་ཇུས་འབུལ་གང་ཐུབ་དང་། བློ་འདོད་མཐུན་རྒྱ་ཆེ་བྱུང་བས་སྲིད་གླེང་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཨུ་ཡོན་ཡོངས་ཀྱིས་འདས་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་བསྒྲིལ་སྣེ་ཁྲིད་དེ། འབད་པ་ལྷོད་མེད་དང་ཞུམ་མེད་མདུན་དུ་བསྐྱོད་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་གྲུབ་ཅིང་།ཀྲུང་གོ་གྲུ་བོ་ཆེར་དེད་དཔོན་བྱས་ཏེ་དྲག་རླབས་གཤགས་ཤིང་དཔའ་ངར་སྟུག་པོས་མདུན་དུ་སྐྱོད་ཅིང་མཆིས་པར གདེང་འཇོག་ཆེན་པོ་བྱས་ཤིང་། ཨུ་ཡོན་ཡོངས་ཀྱིས་གཏན་འཁེལ་གཉིས་ཀྱིས་ང་ཚོས་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ལ་ཐག་གཅོད་ནུས་པ་ཆེ་བའི་དོན་སྙིང་ལྡན་ཞེས་གོ་བ་ཟབ་མོ་ལོན་བཞིན་ཡོད།
ཝང་ཧུའུ་ཉིང་གིས་ད་ལོ་ནི་ཀྲུང་ཧྭའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན། ལོ་དོན་ལྔའི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག མི་དམངས་སྲིད་གྲོས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ཀྲུང་གོ་གསར་པ་འཛུགས་སྐྱོང་། བཅོས་བསྒྱུར་ལམ་བུར་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་རླབས་ཆེན་ལག་བསྟར་ནང་ཞུགས་ནས་གཟི་བརྗིད་བླ་ན་འབར་བའི་འཕེལ་རིམ་ཞིག་ལ་བརྒྱུད་ཡོད།
མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ཇེ་དྲག་དང་ལེགས་བཅོས་གཏོང་བའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱི་འགྲོས་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་འགྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ཡག་མོ་རྒྱུན་འཁྱོངས། མཐུན་སྒྲིལ་དང་དམངས་གཙོ་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཆབ་སྲིད་འགན་འཁྲི་མི་བརྗེད་ཅིང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ནས་ཇུས་འགོད་དང་ལས་དོན་བསྒྲུབས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་འགན་འཁུར་ཞིང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ལ། ཆབ་སྲིད་ལངས་ཕྱོགས་ཇེ་དྲག་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཁྱོན་ཡོངས་ལས་དོན་དེ་སྲིད་གྲོས་ལས་དོན་ཁྲོད་དོན་འཁྱོལ་བྱེད་པ་དང་བྱ་སྤྱོད་དངོས་ཐོག་ཏུ་མངོན་པར་བྱེད་ཅིང་། མི་དམངས་སྲིད་གྲོས་ཀྱི་ཏང་ཤོག་ཁག་གི་ཚོགས་པ་དང་མི་རིགས་དང་ལས་རིགས་སོ་སོའི་མི་སྣ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏང་གི་ཁ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲང་དགོས། ལས་འགན་གཙོ་བོར་དམིགས་པ་དང་། སྤུས་མཐོའི་ཇུས་ཐབས་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱ་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་མཐའ་མར། ཐོག་མའི་དམ་བཅའ་འགྱུར་བ་མེད་ལ། འགན་འཁྲི་མེ་ཕུང་རིང་དུ་འབར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་དང་། དངོས་གཉེར་དང་འགན་འཁྲི། འགན་ལེན་བཅས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་པའི་ཐོག་ཏུ་ལེགས་པར་བཀོད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་མཐུན་སྒྲིལ་འབད་འབུངས་བྱེད་དགོས་ཞེས་གསུངས།
མཇུག་བསྒྲིལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་ད་དུང་མཱ་ཞིང་རུའེ་དང་། ཝང་དབྱི། དབྱི་ལི། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའ་ལེ། ལི་ཧོང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥོང་། ཀྲང་ཡུའོ་ཞཱ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མིང་ཨེར། ཡོན་ཅཱ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ། ཝང་ཞའོ་ཧོང་སོགས་ཡོད།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་མཇུག་བསྒྲིལ་ཚོགས་འདུར་ཟུར་ཞུགས་ཤིང་། ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་དང་། ཕྱིར་སྡོད་ཀྲུང་གོ་བ་སོགས་གདན་ཞུ་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས་པ་རེད།
ཚོགས་ཆེན་ཉིད་བརྗིད་ཉམས་ལྡན་པའི་རྒྱལ་གླུ་ཁྲོད་ནས་མཇུག་ལེགས་བསྒྲིལ་སོང་།
འཕྲིན་སྟེགས། weikangba