ཚོགས་ཆེན་གཉིས་ཀྱི་མཐོང་ཐོས།

2024-03-11
434

འདི་ནི་ཟླ3པའི་ཚེས6ཉིན། རྒྱལ་ཡོངས་སྲིད་གྲོས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་མུ་མཐུད་དུ་ཚན་ཆུང་གྲོས་བསྡུར་ཡུལ་དངོས་སུ་བོད་ལྗོངས་སུ་བཅའ་སྡོད་བྱེད་བཞིན་པའི་རྒྱལ་ཡོངས་སྲིད་གྲོས་གྲངས་ཉུང་མི་རིགས་ཨུ་ཡོན་ཚོས་ཚོགས་འདུ་མཇུག་རྫོགས་རྗེས་སྲིད་གཞུང་ལས་དོན་སྙན་ཞུ་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད།

ཟླ3པའི་ཚེས6ཉིན་གྱི་སྔ་དྲོ། བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅིང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས། མུ་མཐུད་དུ་སྲིད་གཞུང་ལས་དོན་སྙན་ཞུ་དང་ཞིབ་བཤེར་འཆར་གཞི་སྙན་ཞུ། སྔོན་རྩིས་སྙན་ཞུ་ལ་གྲོས་ཞིབ་བྱེད་བཞིན་ཡོད། པར་འདི་ནི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བཀྲ་ཤིས་ཉི་མས་ཚོགས་འདུ་སྟེང་གྲོས་འདོན་བྱེད་པའི་ཚུལ་རེད།

ཟླ3པའི་ཚེས6ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བོད་ལྗོངས་འཐུས་མི་ཚོགས་པས་སྒོ་འབྱེད་བྱ་འགུལ་སྤེལ་ཞིང་། ཀྲུང་གོ་ནང་ཁུལ་དང་ཕྱི་རོལ་གྱི་སྨྱན་སྦྱོར80ལྷག་གི་གསར་འགོད་པ་བཅར་འདྲི་བྱེད་དུ་ཡོང་། པར་འདི་ནི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ནོར་བུ་གཡང་འཛོམས་ཀྱིས་ཡུལ་དངོས་སུ་གསར་འགོད་པར་ལན་འདེབས་བཞིན་པའི་ཚུལ་རེད།


  • 顶