
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལྷགས་ཆུང་།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལོ་རབས90ནང་སྐྱེས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འཁོར་ཁང་ཀྲུའུ་རེན་དང་འཕྲད་ཚེ། ཁོས་ནན་ཏན་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་འདོན་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་ཡོད།
གཞི་རིམ་ཁེ་ལས་ཀྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ངོས་ནས། ལས་འགན་ཁུར་བའི་ཚུན། ལྷགས་ཆུང་གིས་ཧུར་ཐག་སྒོས་རིམ་པ་སོ་སོའི་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གིས་རྩ་འཛུགས་བྱས་པའི་བརྟག་དཔྱད་དང་འཚམས་འདྲི། སློབ་སྦྱོང་སོགས་ཀྱི་བྱ་འགུལ་སོ་སོའི་ནང་ཞུགས་ཏེ་དམངས་འཚོ་ལ་ཐུགས་ཁུར་དང་དམངས་ཀྱི་འདུན་པ་མཚོན་པ། དམངས་ཀྱི་རེ་བ་བརྗོད་པ་བཅས་བྱས།
“ཉམས་མྱོང་དེ་དག་གིས་ངའི་ཐོས་རྒྱ་མཐོང་རྒྱ་བསྐྱེད་པ་མ་ཟད། ཤེས་བྱ་རྩ་ཆེན་མང་པོ་ཡང་སྦྱངས་ཐུབ་པ་དང་ཕུལ་བྱུང་འཐུས་མི་མང་པོ་ངོ་ཤེས་པས། ངས་སློབ་སྦྱོང་ཧུར་བརྩོན་བྱེད་པར་སྐུལ་སློང་ཐོབ་པ་དང་། མུ་མཐུད་དུ་ལས་འགན་ཁུར་བའི་ནུས་བ་ཇེ་མཐོར་སོང་ནས་ལས་གྲོགས་ཚོའི་སྣེ་ཁྲིད་དེ་ཁེ་ལས་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཡོད”ཅེས་ལྷགས་ཆུང་གིས་གསར་འགོད་པར་དེ་ལྟར་བརྗོད།
2004ལོར། བོད་ལྗོངས་ཙང་ཡོན་ཆང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་། 2006ལོར་ལྷགས་ཆུང་ཀུང་སི་རུ་ལས་ཞུགས་བྱས།
ལོ18རིང་ལ། ལྷགས་ཆུང་ལག་རྩལ་གང་ཡང་མེད་པའི་མི་ཞིག་ནས་ལས་དོན་སྒྲུབ་ཞོར་སློབ་སྦྱོང་བྱས་ནས་ལག་རྩལ་སྣེ་ཁྲིད་པ་ཞིག་ཏུ་གྱུར་པ་དང་། དེ་རང་ཉིད་ཀྱིས་ཧུར་བརྩོན་བྱས་པར་རག་ལས་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱིས་མདོ་དབུས་མཐོ་སྒང་གི་མི་རིགས་སོ་སོར་བཅངས་པའི་ཐུགས་ཁུར་དང་དོ་ཁུར་ལས་ཐོབ་པ་ཡིན།
ཡང་བའི་བཟོ་ལས་ཀྱིས་མཐོ་སྒང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་འདོན་པའི་ཐད་ནུས་བ་ཆེན་པོ་འདོན་པ་དང་། “ཀུང་སི་བཙུགས་པའི་ལོ་ངོ20རིང་ལ། ཁེ་ལས་ལེགས་ཆ་ཡིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པ་རྒྱུན་འཁྱོངས་བརྒྱུད། ཧུར་ཐག་གིས་ས་གནས་མང་ཚོགས་ཉེ་སར་ལས་ཞུགས་བྱེད་དུ་བཅུག་པ་དང་། ས་གནས་ལས་དོན་མི་སྣས95%ཡན་ཟིན་པ་མ་ཟད། ང་ཚོས་རྒྱུ་ཆ་ནས་སྤྱོད་པ་ཚང་མ་ས་གནས་མང་ཚོགས་ལག་ནས་ཉོ་སྒྲུབ་བྱས་པས། རོང་འབྲོག་མང་ཚོགས་འབབ་འཕར་དང་ནུས་འཕར་ཡོང་བར་སྐུལ་འདེད་བྱས”ཞེས་ལྷགས་ཆུང་གིས་དེ་ལྟར་བརྗོད།
མ་འོངས་པའི་ལས་དོན་སྐོར་བརྗོད་དུས་ལྷགས་ཆུང་གིས་རེ་སྨོན་གྱིས་ཁེངས་ཏེ“བོད་ལྗོངས་ཚོང་རྟགས་སྟོབས་ཆེན་དུ་བཏང་ནས། ཐོན་ཁུངས་ལེགས་ཆ་ཐོན་ལས་ལེགས་ཆར་སྒྱུར་ཏེ་དཔལ་འབྱོར་ལེགས་ཆ་ཆགས་པ་དང་། བོད་ལྗོངས་ཀྱི་ཡང་བའི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་སོགས་རིམ་པ་མཐོ་བ་དང་མཐོ་གསར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་ནང་བསྐྱོད་དགོས”ཞེས་བཤད།
རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།
འཕྲིན་སྟེགས། weikangba