ཚོགས་པ་འདི་གཉིས་ལ་གསུམ་བརྒྱད་དར་དམར་གྱི་མཚན་སྙན་ཐོབ། 点赞!全国三八红旗集体 甘孜阿坝均上榜!
སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་བུད་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་བགྲོད་ལམ་གསར་པར་འབད་པས་བསྐྱོད་དེ། དུས་རབས་གསར་པར་བྱས་རྗེས་འཇོག་པར་སྔར་བས་སྣེ་ཁྲིད་དང་སྐུལ་ལྕག་གཏོང་ཆེད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧོང་ཧུའེ་ལིན་སོགས་མི་བཅུ་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཐོབ་མཁན་གྱི་མིག་དཔེའི་མཚན་སྙན་གནང་བ་དང་། ཝང་ཧྲུའུ་སོགས་མི་སུམ་བརྒྱ་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཐོབ་མཁན་གྱི་མཚན་སྙན་དང་། ཆིང་ཧྭ་སློབ་ཆེན་གྱི་ཞོར་གཏོགས་སློབ་ཆུང་སོགས་ལས་ཁུངས་ཉིས་བརྒྱ་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཚོགས་པའི་མཚན་སྙན་གནང་། དེའི་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཛམ་ཐང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་གཉིས་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཚོགས་པའི་མཚན་སྙན་ཐོབ།

为表彰先进、树立典型,进一步引领激励广大妇女跟党奋进新征程、巾帼建功新时代,全国妇联决定,授予黄会林等10人全国三八红旗手标兵称号,授予王殊等300人全国三八红旗手称号,授予清华大学附属小学等200个单位全国三八红旗集体称号。其中,甘孜藏族自治州妇联、壤巴拉非遗传习创业园荣膺全国三八红旗集体称号。

ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། འགག་སྒྲོལ་དཀའ་སེལ་དང་དངོས་སྒྲུབ་གསར་གཏོད་བྱས་ནས་བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བཏང་བ་རེད། བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་པ་སོགས་བརྗོད་དོན་གཙོ་བོ་མང་ཚོགས་མི་ཐེངས་འབུམ་བདུན་ལྷག་ཙམ་ལ་དྲིལ་བསྒྲགས་བྱས་པ་དང་། ཁུལ་ཡོངས་སུ་གསུམ་བརྒྱད་དར་དམར་ཐོབ་མཁན་གྱི་མི་སྒེར་དང་ཚོགས་པ་སོགས་སྔོན་ཐོན་དཔེ་མཚོན་བཞི་བརྒྱ་ཉེར་དགུ་དང་། རྒྱལ་ཁབ་རིམ་པ་སུམ་ཅུ་ཡོད། དེ་མིན་བུད་མེད་དང་བླངས་པ་ཆིག་སྟོང་གཉིས་བརྒྱ་བཅུ་མེད་ལྔ་ཡི་སྣེ་ཁྲིད་དེ་གནོད་ཐེབས་ཁུལ་གྱི་བུད་མེད་དང་བྱིས་པར་ཞབས་འདེགས་ཞུས་པ་རེད།

近年来,甘孜州妇联团结带领全州妇女攻坚克难、务实创新,推动妇女儿童事业高质量发展。开展“巾帼心向党”等主题宣传覆盖群众70余万人次,全州涌现出三八红旗手(集体)等先进典型429个,国家级30个,带领1205名巾帼志愿者为灾区妇女儿童提供服务。

ཛམ་བྷ་ལ་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ལས་གཏོད་གླིང་ནི། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་དུ་གནས་པ་དང་། མིག་སྔར་ལས་གཏོད་གླིང་དུ་སློབ་མ་བཞི་བརྒྱ་དོན་གཅིག་ཡོད་པ་དང་། མི་སུམ་སྟོང་ལྷག་ལ་གཟུགས་མེད་རིག་གནས་ཤུལ་གཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་ནང་ཞུགས་སུ་བཅུག་ཡོད། བོད་སྤོས་དང་རྫ་ཆས། ཐང་ག བོད་སྨན། ལག་བཟོས་ཐོན་རྫས། རྒྱན་གོས་སོགས་བཟོ་བཞིན་ཡོད་ལ། བརྒྱུད་སྦྱོང་ཁང་གིས་བུད་མེད་གཙོ་བྱས་ཏེ་ཐོན་ལས་ཁྱད་ཆོས་དང་བུད་མེད་སློབ་མའི་འདོད་མོས་ལ་བསྟུན་པ་དང་། ས་གནས་དེ་གའི་ལས་གཉེར་འདོད་མོས་ཡོད་པའི་ཁྱིམ་སྡོད་བུད་མེད་ཆིག་སྟོང་ལྷག་གི་ལས་ཞུགས་ཐག་གཅོད་བྱས་ཡོད།

壤巴拉非遗传习创业园,位于四川省阿坝藏族羌族自治州壤塘县中壤塘镇,目前,创业园学员达471名,促进3000多人从事非遗生产性保护。以藏香、陶艺、唐卡系列、藏医、手工制品、服装传习所女学员为载体,充分考虑产业特点和女学员意愿,带动了当地有务工意愿的1000多名在家妇女实现家门口就业。


全国三八红旗手标兵名单

全国三八红旗手名单




















全国三八红旗集体名单












རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། ལྷ་མོ་བཀྲ་ཤིས།
ཞུ་ཆེན། མཁའ་འགྲོ་ཚེ་རིང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།