རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིན་དུ་འབྱོར་བ།

2024-03-05
401

པར་འདི་ནི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིན་དུ་འབྱོར་བའི་རྣམ་པ་རེད།

པར་འདི་ནི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཉི་མས་འགན་སྒྲུབ་ཟིན་བྲིས་ལེགས་སྒྲིག་བྱེད་པའི་རྣམ་པ་རེད།

པར་འདི་ནི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྣམས་གནམ་བདེ་སྒོ་མོ་ཆེ་བརྒྱུད་ནས་བཅའ་སྡོད་བྱེད་སར་འགྲོ་བའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར། སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་རྒྱལ་ས་པེ་ཅིན་དུ་འབྱོར་བ་རེད།

ཚོགས་འདུ་མ་ཚོགས་གོང་། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས“དོན་ཆེན་བཞི”དམ་འཛིན་དང“གསར་གཏོད་བཞི”གཅིག་སྡུད། དམངས་འཚོའི་གནད་དོན་བཅས་ལ་དམིགས་ནས་རྟོག་ཞིབ་ཞིབ་འཇུག་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། འགན་འཁྲི་གཙང་སྒྲུབ་དང་སྲིད་གླེང་ཇུས་འདོན་བྱེད་པར་གྲ་སྒྲིག་གང་ལེགས་བྱས།

“འདི་ནི་གཟི་བརྗིད་ཅིག་ཡིན་ལ། ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་ཡིན། ངས་འགན་འཁྲི་གཙང་སྒྲུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་ཚུལ་ཡག་པོ་བཤད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའམ་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་གཡང་འཛོམས་ཀྱིས་གསར་འགོད་པར་བཤད།

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ས་སྐྱ་དགོན་པའི་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་གྲོས་རྒྱ་མཚོ་ཡིས་བསྟུད་མར་སྐབས་གཉིས་རིང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་མཁན་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་འགན་འཁྲི་ཧ་ཅང་གལ་ཆེན་ཡིན་པ་ཤེས་ཡོད། ངས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐད་གཏམ་བཤད་པ་དང་འགན་འཁྲི་ལེགས་པོར་སྒྲུབ་ཏེ་ཨུ་ཡོན་བཟང་པོའི་ཉམས་འགྱུར་གསལ་བོར་མངོན་དགོས་པ་བསྟན།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་འཁུར་སེམས་ཆེན་པོས་ཚོགས་འདུར་ཞུགས་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་བོད་ལྗོངས་ཀྱི“གསུང་སྐད་སྙན་མོ”བརྒྱུད་སྒྲོག་བྱས་ནས། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་གཏོང་མི་རུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། །

  • 顶