ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་འཐུས་ཚབ་ཧྲིན་དབྱི་ཆིན་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་བསྡུའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་སའེ་ཨེར་ཝེ་ཡར་འཚམས་འདྲི་གནང་རྒྱུ་ཡིན་པ།

2024-08-12
330

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས8ཉིན་ཁྱབ་བསྒྲགས་བྱས་དོན། ཟླ8པའི་ཚེས9ཉིན་ནས་ཚེས11ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཧྥ་རན་སི་རུ་སྤེལ་རྒྱུ་ཡིན་པའི་སྐབས33པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་བསྡུའི་མཛད་སྒོ་སོགས་ཀྱི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་ཟེར།

སའེ་ཨེར་ཝེ་ཡའི་སྲིད་གཞུང་གི་གདན་ཞུ་བྱས་པ་ལྟར། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ད་རུང་ཚེས12ཉིན་ནས་ཚེས14ཉིན་བར་སའེ་ཨེར་ཝེ་ཡར་འཚམས་འདྲི་གནང་རྒྱུ་རེད། །


  • 顶