ནུས་ཁུངས་གསར་པ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ཐད་གཅིག་འགྱུར་འཆར་འགོད་ཡག་པོ་བྱེད་དགོས།

2024-08-05
717

      ༢༠༢༤ལོའི་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པའི་ཐོག་གསུང་བཤད་གནང་དོན།

     ནུས་ཁུངས་གསར་པ་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ཐད་གཅིག་འགྱུར་འཆར་འགོད་ཡག་པོ་བྱེད་པ་དང་། འཆར་གཞི་སྔོན་འགྲོ་རྒྱུན་འཁྱོངས་དང་མཐོ་རིམ་ཇུས་འགོད་བྱེད་ཤུགས་ཇེ་དྲག་གཏོང་བ།གཅིག་གྱུར་འཆར་འགོད་ཟུང་འབྲེལ་ཡག་མོ་བྱེད་དགོས་ལ། ནུས་ཁུངས་གསར་པ་དང་སྲོལ་རྒྱུན་གྱི་ནུས་ཁུངས། བཀོད་པ་ཡོངས་དང་ཡན་ལག སྲིད་གཞུང་དང་ཚོང་ར། ནུས་ཁུངས་གསར་སྦོལ་དང་གྲོན་ཆུང་བཀོལ་སྤྱོད་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡག་མོ་བྱས་ནས། ནུས་ཁུངས་གསར་པ་སྤུས་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས།


  • 顶