
སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐུལ་སྤེལ་གཏོང་དགོས།
༢༠༢༤ལོའི་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན། ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པའི་ཐོག་གསུང་བཤད་གནང་སྐབས། འཛམ་གླིང་ནུས་ཁུངས་དང་ཚན་རྩལ་གྱི་མདུན་གྲལ་དུ་སླེབས་པར་དམིགས་ནས། ནུས་ཁུངས་འགག་རྩའི་ཁྱབ་ཁོངས་དང་དགོས་མཁོ་གལ་ཆེན་གཅིག་བསྡུས་བྱེད་དགོས། ལག་རྩལ་ཐབས་ལམ་འོས་འཚམ་འདེམས་པ་དང་། རྒྱལ་ཡོངས་ལམ་ལུགས་གསར་དར་གྱི་དགེ་མཚན་འདོན་སྤེལ་བྱེད་ཅིང་། འགག་རྩ་ཆེ་བའི་ལྟེ་བའི་ལག་རྩལ་མཉམ་སྒྲོལ་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚན་ཞིབ་གྲུབ་འབྲས་བཀོལ་སྤྱོད་ལུགས་བསྒྱུར་ལ་ཤུགས་སྣོན་བྱེད་པ། ནུས་ཁུངས་ལག་རྩལ་དང་དེ་དང་འབྲེལ་བའི་ཐོན་ལས་གསོ་སྤེལ་གྱིས་རང་རྒྱལ་གྱི་ཐོན་ལས་རིམ་སྤར་གྱི་འཕར་གནས་གསར་པར་སྣེ་ཁྲིད་བྱེད་ཐུབ་པ་བཅས་བྱས་ནས།སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་སྤེལ་གཏོང་དགོས་ཞེས་གསུངས།
ཡིག་སྒྱུར། མཚོ་ལྷ།འཕྲིན་སྟེགས། weikangba