ཞི་ཅིན་ཕིང་གི་ཞལ་གསུང་། སྐྱེ་ཁམས་སྲུང་སྐྱོབ་སྐོར།

2024-06-19
593

图片

 སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བསམ་བློ་དེ་སྤྱི་ཚོགས་འཚོ་བའི་ཁྲོད་གཅོ་རྒྱུག་རིག་གནས་ལ་ཆགས་འཇུག་དགོས།

༢༠༡༩ལོའི་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། ཞི་ཅིན་ཕིང་གིས་༢༠༡༩ལོའི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས། ང་ཚོས་སྟབས་བདེ་ལ་འོས་ཤིང་འཚམ་པ། འབག་མེད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱས་ནས། རྒྱས་སྤྲོས་འཕྲོ་བརླག་མི་བྱེད་ཅིང་ཡ་རབས་བདེ་ཐང་གི་འཚོ་བ་སྐྱེལ་བའི་གོམས་སྲོལ་ཆགས་སུ་འཇུག་དགོས་ལ། ཁོར་སྲུང་འདུ་ཤེས་དང་སྐྱེ་ཁམས་འདུ་ཤེས་ཀྱི་སྲོལ་དར་སྤེལ་དང་། སྤྱི་ཚོགས་ཧྲིལ་པོས་མཉམ་ཞུགས་བྱེད་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བསམ་བློ་དེ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་གཙོ་རྒྱུག་རིག་གནས་ཤིག་ཏུ་ཆགས་པར་བྱེད་དགོས། རང་བྱུང་ལ་བརྩི་སྲུང་དང་རང་བྱུང་ལྗང་མདོག་ལ་གཅེས་སྤྲས་བྱེད་པའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས། གནམ་སྔོ་ཞིང་ཆུ་དྭངས་མོ་དེ་མི་ཡི་སེམས་སུ་ཟུག་ཏུ་བཅུག་ནས་མི་ཆོས་རིག་གནས་ལ་བརྩེ་བ་ཟབ་མོ་ཡོད་པ་ཞིག་བྱེད་དགོས་ཞེས་གསུངས།

ཡིག་སྒྱུར། མཚོ་ལྷ།
  • 顶