ཞི་ཅིན་ཕིང་གི་ཞལ་གསུང་། བཅོས་བསྒྱུར་ཇུས་འགོད་སྐོར།

2024-03-29
967

བཅོས་བསྒྱུར་ལ་ཁྱོན་ཡོངས་ནས་ཇུས་འགོད་བྱེད་དགོས། 

༢༠༢༣ལོའི་ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ཟབ་སྤེལ་གཏོང་བར་ཞི་ཅིན་ཕིང་གིས་མཛུབས་སྟོན་གལ་ཆེན་གནང་ནས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་སྣེ་ཁྲིད་དང་ལམ་ལུགས་གསར་གཏོད་སྲོག་ཤིང་བྱེད་པ་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད།  ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་འབྲེལ་མཐུད་བྱེད་པ། ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་དང་། བཅོས་སྒྱུར་སྤྱིའི་འཆར་འགོད་དང་མ་ལག་གཅིག་བསྡུས་ཇེ་དྲག་གཏོང་བ་དང་། ཐོན་ལས་མ་ལག་ཡོངས་ཀྱི་གསར་གཏོད་འཕེལ་རྒྱས་སྐུལ་འདེད་བཏང་ནས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་དམིགས་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས། 

ཡིག་སྒྱུར། མཚོ་ལྷ།
  • 顶