༢༠༢༣ལོའི་ཟླ་བ་བཅུ་པའི་ཚེས་ཉེར་གཉིས་ཉིན། ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རྒྱལ་ཡོངས་བཟོ་ཚོགས་ཨུ་ལྷན་གྱི་འགོ་ཁྲིད་ཚོགས་པའི་ཁོངས་མིར་གསུང་བཤད་གནང་སྐབས། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དེ། རྒྱ་ཆེ་བའི་ལས་བཟོ་བའི་བརྩོན་སེམས་དང་། དང་བླངས་ཀྱི་བསམ་བློ། གསར་གཏོད་ཀྱི་ནུས་པ་བཅས་ལ་སྐུལ་སློང་གང་ལེགས་བྱས་ནས། ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་གསུངས།