
མཉམ་དུ་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་བྱེད་དགོས།
༢༠༢༣ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་བགྲོ་གླེང་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས། ང་ཚོས་མཉམ་དུ་རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་དར་སྤེལ་ལ་ཤུགས་རྒྱག་པ་དང་། གོ་ལ་ཧྲིལ་པོའི་དཔལ་ཡོན་གླེང་མོལ་མཉམ་ལས་དྲ་བ་འཛུགས་པར་འཚོལ་ཞིབ་བྱེད་པ། སྤེལ་རེས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཞིང་། མཉམ་ལས་ཐབས་ལམ་རྒྱ་སྐྱེད་བྱེད་པ།རྒྱལ་ཁབ་སོ་སོའི་མི་དམངས་རྣམས་མཛའ་མཐུན་ཡོང་བར་སྐུལ་འདེད་བཅས་བྱས་ནས་མཉམ་དུ་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་བྱེད་དགོས་ཞེས་གསུངས།