མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས།
༢༠༢༣ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་མཛད་དུས་གསུང་བཤད་གནང་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་ཟབ་མོ་བྱེད་པ། རིག་གནས་གསར་གཏོད་དང་གསར་རྩོམ་གྱི་གསོན་ཤུགས་ཡོངས་སུ་བསླངས་ནས་རིག་གནས་ཀྱི་མཉེན་ཆའི་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་གསུངས།
འཕྲིན་སྟེགས། weikangba