«ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་དེ་ཨེ་ཤ་ཡའི་འབྱུང་འགྱུར་གསར་པ་གཏོད་དགོས།»

2024-01-23
695

   “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་བཟུང་ཡོད་ལ། དེ་ནི་བཀག་སྡོམ་མ་ཡིན་པར་སྒོ་འབྱེད་ཁོང་ཡངས་ཡིན་པ་དང་། ཀྲུང་གོའི་ཁེར་དཀྲོལ་རོལ་མོ་མ་ཡིན་པར་ལམ་རྒྱུད་རྒྱལ་ཁབ་ཀྱི་མཉམ་ལེན་རོལ་མོ་ལྟ་བུ་ཡིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པ་ནི་ད་ཡོད་ས་ཁུལ་གྱི་མཉམ་ལས་ལམ་སྲོལ་དང་གྲོས་འགོ་ཡི་ཚབ་བྱེད་པ་མ་ཡིན་པར། སྔར་ཡོད་ཀྱི་རྨང་གཞིའི་ཐོག་ལམ་རྒྱུད་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཕན་ཚུན་འབྲེལ་མཐུད་དང་ལེགས་ཆ་གསབ་རེས་བྱ་རྒྱུ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་ཡིན།

—«ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་དེ་ཨེ་ཤ་ཡའི་འབྱུང་འགྱུར་གསར་པ་གཏོད་དགོས།» (༢༠༡༥ལོའི་ཟླ༣ཚེས༢༨ཉིན།) «ཞི་ཅིན་ཕིང་གི་ཕྱི་འབྲེལ་གཏམ་བཤད་གཅེས་བསྒྲིགས།»པོད་དང་པོ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༢༣༧པ།

  • 顶