མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་དུས་རྒྱུན་དུ་ཏང་ཀྲུང་དབྱང་གི་དགོངས་དོན་དང་དཔེ་བསྡུར་ཚད་བསྡུར་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་བྱས་པ་རྣམས་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཏན་འབེབས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་བཀག་སྡོམ་བྱས་པ་རྣམས་མཐའ་གཅིག་ཏུ་མི་སྒྲུབ་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། རྗེས་སུ་མི་ལུས་པ་དང་ཕྱོགས་རིས་མེད་པ། ཏང་ཀྲུང་དབྱང་གི་དགོངས་དོན་ཇི་བཞིན་དུ་དོན་འཁྱོལ་མཐར་ཕྱིན་བྱེད་པར་དམ་འཛིན་བྱེད་དགོས། །
——ཞི་ཅིན་ཕིང་གི2020ལོའི་ཟླ12པའི་ཚེས24ཉིན་ནས་ཚེས25ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད།
རྩོམ་སྒྲིག་པ། བདེ་ལེགས་མཚོ།
འཕྲིན་སྟེགས། weikangba