ཞི་ཅིན་ཕིང་གིས་ཆུ་ཚད་མཐོན་པོའི་བཅོས་སྐྱོང་ལ་བརྟེན་ནས་རང་རྒྱལ་གྱི་དམག་དཔུང་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་པའི་སྐོར་གླེང་བ།

2023-08-04
250

ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གྱི་དགོངས་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བཀོད་སྒྲིག་བཅས་ལག་ལེན་དོན་འཁྱོལ་ཡོང་བ་དང་། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་དབུ་ཁྲིད་པ་རྒྱུན་འཁྱོངས་དང་། འཐབ་འཛིང་ནུས་ལྡན་གྱི་རྩ་བའི་ཚད་གཞི་གཅིག་པུ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། དེང་རབས་ཀྱི་དམག་དོན་བཅོས་སྐྱོང་མ་ལག་སྒྲིག་འཛུགས་དང་དེང་རབས་ཀྱི་དམག་དོན་བཅོས་སྐྱོང་ནུས་པ་ཇ་ེམཐོ་གཏོང་བ་བཅས་བྱས་ནས། ཆུ་ཚད་མཐོན་པོའི་བཅོས་སྐྱོང་ལ་བརྟེན་ནས་རང་རྒྱལ་གྱི་དམག་དཔུང་སྤུས་མཐོའི་འཕེལ་རྒྱས་བཏང་སྟེ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་བརྩོན་དམིགས་འབེན་འགྲུབ་པར་འགན་སྲུང་ནུས་ལྡན་བྱེད་དགོས། 

——ཞི་ཅིན་ཕིང་གིས་༢༠༢༣ལོའི་ཟླ་བ་༧པའི་ཚེས་༢༤ཉིན་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་བསྡུས་སློབ་སྦྱོང་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད།

  • 顶