ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞོད་འགོག་མྱུར་སྐྱོབ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ལམ། ཏུའུ་སུའུ་རུའེ་མཚོ་རླུང་གི་ཤུགས་རྐྱེན་འོག ཧྭ་བྱང་དང་ཧོན་ཧའེ་སོགས་ས་ཁུལ་དུ་ཆར་བ་ཆེན་པོ་འབབ་པའི་གནམ་གཤིས་བྱུང་ནས། ཞོད་སྐྱོན་དང་ས་གཤིས་གནོད་འཚེ་བཟོས་པས། པེ་ཅིན་དང་ཧི་པའེ་སོགས་ས་ཁུལ་དུ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་།
ཞི་ཅིན་ཕིང་གིས་ས་ཁུལ་སོ་སོས་ནུས་ཤུགས་ཡོད་རྒུས་བོར་མི་འཚོལ་སྐྱོབ་དང་ཉེན་བཅར་མི་སྣ་བསྐྱབས་ནས། རྨས་མ་མྱུར་སྐྱོབ་དང་ཤི་བོའི་ཁྱིམ་མི་འཚམ་འདྲིའི་བྱ་བ་ལེགས་པོར་སྒྲུབ་པ་དང་། གང་ནུས་ཅི་ལྕོགས་ཀྱིས་མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་དགོས། གནོད་ཐེབས་མང་ཚོགས་འོས་འཚམ་གྱིས་བཀོད་སྒྲིག་བྱས་ཏེ། མགྱོགས་མྱུར་ངང་འགྲིམ་འགྲུལ་དང་བརྡ་འཕྲིན། གློག་ཤུགས་སོགས་གནོད་ཐེབས་རྨང་གཞི་སྒྲིག་ཆས་ཞིག་གསོ་བྱེད་པ་དང་། མགྱོགས་མྱུར་ངང་རྒྱུན་ལྡན་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ནི་བདུན་པའི་ཟླ་སྨད་དང་བརྒྱད་པའི་ཟླ་སྟོད་ཀྱི་ཞོད་འགོག་གནད་འགག་དུས་སྐབས་ཡིན་པས། ས་ཁུལ་དང་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་དངོས་འབེབས་བྱས་ཏེ། བརྟག་བཤེར་ཚད་ལེན་སྔོན་བརྡའི་ཉེན་ཟོན་ཇེ་དྲག་དང་སྐོར་སྐྱོད་ལས་རེས་ལ་ཤུགས་བསྣན་ནས། ཞོད་འགོག་གི་གཙོ་གནད་ས་ཁུལ་ལ་དམ་པོར་དམིགས་པ་དང་། ཞོད་འགོག་གི་བྱེད་ཐབས་སྣ་ཚོགས་དངོས་འབེབས་གང་ལེགས་བྱས་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ལ་འགན་སྲུང་བྱེད་དགོས། །
འཕྲིན་སྟེགས། weikangba