
ཟླ་བ་བདུན་པའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་ཅིང་རྩིས་བཤེར་སློབ་ཆེན་གྱི་རྩིས་བཤེར་ཆེད་ལས་རབ་འབྱམས་པའི་རྒྱལ་སྤྱིའི་འཛིན་གྲྭའི་ཕྱི་སྦྱོང་སློབ་མར་འཕྲིན་ལན་གནང་ནས། ཁོ་ཚོར་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་མཉམ་ལས་ཐད་བྱས་རྗེས་འཇོག་པའི་སྐུལ་མ་གནང་ཞིང་། ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱོད་ཚོས་ཀྲུང་གོ་ལ་སློབ་གཉེར་ཡོང་ནས། སློབ་གྲྭའི་ནང་སློབ་སྦྱོང་དང་ཡུལ་དངོས་བཅར་འདྲི་བརྒྱུད་ནས་ཆེད་སྦྱོང་གི་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ཀྲུང་གོའི་རྩིས་བཤེར་ལམ་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས། ཀྲུང་གོ་གུང་ཁྲན་ཏང་ལ་ངོས་འཛིན་ཟབ་མོ་ལོན་པ་བཅས་ཤེས་རྗེས། ཁྱོད་ཚོར་སློབ་གཉེར་གྲུབ་འབྲས་ཐོབ་པས་ང་རང་སེམས་་བསམ་པའི་གཏིང་ནས་དགའ་པོ་བྱུང་སོང་ཞེས་གསུངས།
ཞི་ཅིན་ཕིང་གིས།ཀྲུང་གོས་ནམ་ཡང་རྩིས་བཤེར་གྱི་རྒྱལ་ཁབ་སྐྱོང་བའི་ཁྲོད་ནུས་པ་གལ་ཆེན་ཐོན་པར་མཐོང་ཆེན་དང་། ལོ་མང་པོར་འཚོལ་ཞིབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་ལམ་ལུགས་བཙུགས་ནས། གཅིག་བསྡུས་གཅིག་འགྱུར་དང་ཕྱོགས་ཡོངས་སུ་ཁྱབ་པ། དབང་གྲགས་ནུས་མཐོའི་རྩིས་བཤེར་ལྟ་སྐུལ་ལམ་ལུགས་རགས་ཙམ་ཆགས་ཡོད། ཁྱོད་ཚོས་ཀྲུང་གོའི་ལས་རིགས་དང་བརྗེ་རེས་ཇེ་དྲག་དང་ཕན་ཚུན་སློབ་སྦྱོང་དཔེ་སྟོན། རྩིས་བཤེར་ལས་རིགས་འདི་ལ་བརྟེན་ནས་ཀྲུང་གོ་ལ་རྒྱུས་ལོན་དང་གོ་ཤེས་ཟབ་མོ་ཆགས་བཅུག་སྟེ། རྒྱལ་ཁབ་བར་གྱི་མཛའ་མཐུན་དང་མཉམ་ལས་ཐད་བྱས་རྗེས་འཇོག་བའི་རེ་བ་ཡོད་ཞེས་གསུངས།
ནན་ཅིན་རྩིས་བཤེར་སློབ་ཆེན་གྱི་རྩིས་བཤེར་ཆེད་སྦྱོང་རབ་འབྱམས་པའི་རྒྱལ་སྤྱི་འཛིན་གྲྭ་ནི་༢༠༡༦ལོར་བཙུགས་ཏེ། བསྡོམས་པས་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་དོན་དྲུག་གི་རྩིས་བཤེར་ལས་ཁུངས་ལ་ཆེད་ལས་ཤེས་ལྡན་མི་སྣ་ཉིས་བརྒྱ་བརྒྱད་ཅུ་ལྷག་གསོ་སྐྱོང་བྱས་ཡོད་ལ། ཉེ་ཆར་འཛིན་གྲྭ་དེའི་ཕྱི་སྦྱོང་སློབ་མ་སོ་བདུན་གྱིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། ཀྲུང་གོ་རུ་སློབ་སྦྱོང་བྱེད་པའི་མྱོང་ཚོར་ཞུས་ཤིང་། ཀྲུང་གོ་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་ནམ་ཡང་མི་བརྗེད་དེ་ ཀྲུང་གོ་ལ་བཅངས་པའི་བརྩེ་དུངས་སྙིང་གར་བཞག་ནས། ཀྲུང་གོ་དང་སོ་སོའི་རྒྱལ་ཁབ་བར་གྱི་མཛའ་མཐུན་ཇེ་དྲག་གཏོང་བའི་ཕོ་ཉ་བྱེད་གང་ཐུབ་བཟོ་རྒྱུ་བཅས་ཞུས།
འཕྲིན་སྟེགས། weikangba