
གུང་གཞོན་ཚོགས་པས་དུས་རབས་གསར་པའི་ན་གཞོན་ལས་ཀའི་བརྗོད་བྱ་གཙོ་བོ་གདེང་ཚོད་ཡང་དག་བྱས་ནས། རྒྱ་ཆེ་བའི་གུང་གཞོན་ཚོགས་པ་མཐུན་སྒྲིལ་དང་། རྩ་འཛུགས། སྐུལ་སློང་བྱེད་དགོས་ལ། རྒྱ་ཆེ་བའི་ན་གཞོན་རྣམས་ལ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་ཆེར་སྐུལ་མ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་པར་རང་གི་ལང་ཚོ་ཕུལ་བའི་སེམས་ཤུགས་བསྐྱེད་དེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཁྲོད་དུ་དཔའ་ངར་ཆེན་པོས་གདོང་ལེན་རུ་ཁག་དང་འཕྲལ་རྒོལ་རུ་ཁག་བྱེད་དགོས།
༢༠༢༣ལོའི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་ལ་ཞལ་གདམ་གནང་སྐབས་ཀྱི་གསུང་བཤད་ལས།
འཕྲིན་སྟེགས། weikangba