
ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་མུ་མཐུད་དེ་རིག་གནས་དར་རྒྱས་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་དར་སྤེལ་གཏོང་།
༢༠༢༣ལོའི་ཟླ་དྲུག་པའི་ཚེས་གཉིས་ཉིན། རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བཞུགས་མོལ་ཚོགས་འདུའི་ཐོག ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་མུ་མཐུད་དེ་རིག་གནས་དར་རྒྱས་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་དར་སྤེལ་གཏོང་བར། རིག་གནས་ཀྱི་ཡིད་ཆེས་བརྟན་པོ་དང་། རང་གི་ལམ་བུར་སྐྱོད་པར་རྒྱུན་འཁྱོངས། ཀྲུང་ཧྭའི་མི་རིགས་རླབས་ཆེའི་ལོ་རྒྱུས་ལག་ལེན་དང་དེང་རབས་ཀྱི་ལག་ལེན་ཁྲོད་དུ་རྐང་ཚུགས་ཐུབ་ནས། ཀྲུང་གོའི་གནས་ལུགས་ཀྱིས་ཀྲུང་གོའི་ཉམས་མྱོང་ཕྱོགས་བསྡོམས་ཡག་མོ་བྱེད་པ་དང་། ཀྲུང་གོའི་ཉམས་མྱོང་ཀྲུང་གོའི་རིགས་གཞུང་དུ་བསྒྱུར་ནས་བསམ་པའི་ཐོག་རང་ཚུགས་རང་བདག་ཐུབ་དགོས་ཞེས་གསུངས།