མུ་མཐུད་དུ་ལྟེ་བའི་ལག་རྩལ་གལ་ཆེན་ཐད་ནས་འགག་སྒྲོལ་གསར་པ་ཐུབ་དགོས།

2023-06-21
4715

ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ཇེ་མགྱོགས་གཏོང་བ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་། ཁྱོན་ཡོངས་ནས་ཀྲུང་ཧྭའི་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འཐབ་ཇུས་རྒྱབ་རྟེན་ཡིན་པས།  ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ལ་དམིགས་ནས་གསར་གཏོད་ཀྱི་ཐོན་ཁུངས་གལ་ཆེན་བཀོད་སྒྲིག་ཞིབ་ཕྲ་བྱེད་པ་དང་། ཐོན་སློབ་ཞིབ་འཇུག་མཉམ་འདྲེས་བྱས་པའི་དགེ་མཚན་འདོན་སྤེལ་བྱས་ནས། རྒྱུན་ཆད་མེད་པར་ལྟེ་བའི་ལག་རྩལ་གལ་ཆེན་ཐད་ལ་འགག་སྒྲོལ་གསར་པ་གཏོང་ཐུབ་དགོས།

༢༠༢༣ལོའི་ཟླ་༥ཚེས་༡༡ཉིན་ཞི་ཅིན་ཕིང་གིས་ཧོ་པེ་དུ་པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས།

  • 顶