མ་ལག་རང་བཞིན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རི་ཆུ་ནགས་ཚལ་ཞིང་ས་དང་།མཚེའུ་རྩྭ་ཐང་བྱེ་ཐང་སོགས་གོང་བུ་གཅིག་ཏུ་སྲུང་སྐྱོང་དང་བཅོས་སྐྱོང་ཞིབ་ཕྲ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་།རླན་ས།བྱེ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཞིག་གསོར་གཅིག་འགྱུར་འཆར་འགོད་བྱེད་པ་དང་།བྱེ་ཐང་དང་རི་ཆུ་བཅོས་སྐྱོང་གི་རྒྱུ་ཆ་ཡོད་ཚད་མཐུན་སྦྱོར་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། བདེ་ཞིང་བརྟན་ལ།ནུས་པ་ཀུན་འཛོམས་ཀྱི་ནགས་ཚལ་དང་རྩྭ་ཐང་། རླན་ས། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་གསོ་སྐྱོང་ཡག་མོ་བྱེད་དགོས།
——༢༠༢༣ལོའི་ཟླ༦པའི་ཚེས་༦ཉིན།ཞི་ཅིན་ཕིང་གིས་བྱེ་ཐང་ཅན་ཕྱོགས་བསྡུས་འགོག་བཅོས་ཇེ་དྲག་གཏོང་བ་དང་བྱང་གསུམ་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུངས་བཤད་ལས།
འཕྲིན་སྟེགས། weikangba