ཐོན་ལས་དེང་རབས་ཅན་གྱི་སྒྲིག་གཞིའི་སྐོར།
ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ལ་བརྟེན་ནས། སྲོལ་རྒྱུན་ཐོན་ལས་རྩེ་གྲ་ཅན་དང་ཤེས་ནུས་ཅན། འབགས་མེད་ཅན་དུ་རིམ་སྤར་ལེགས་སྒྱུར་ཇེ་མགྱོགས་གཏོང་ཞིང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་རྒྱ་བསྐྱེད་དེ། ཨང་ཀིའི་དཔལ་འབྱོར་དང་དེང་རབས་ཞབས་ཞུའི་ལས་གཉེར་འཕེལ་རྒྱས་ཧུར་ཐག་བྱེད་དགོས། ཤེས་ནུས་ཅན་དང་འབགས་མེད་ཅན། མཉམ་འབྲེལ་ཅན་གྱི་ཁྱད་ཆོས་ལྡན་པ་དང་ཆ་ཚང་རང་བཞིན་དང་སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་གྱི་བླང་བྱ་དང་འཚམ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཇེ་མགྱོགས་བཏང་ནས།དེང་རབས་ནུས་ཁུངས་ཐོན་ལས་ཁྱུ་ཚོགས་ཇེ་དར་ཇེ་ལེགས་སུ་གཏོང་དགོས།
——༢༠༢༣ལོའི་ཟླ་༥་པའི་ཚེས་བཅུ་བདུན་ཉིན་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་ལས།
འཕྲིན་སྟེགས། weikangba