
༢༠༢༣ལོའི་ཟླ་༦པའི་ཚེས་༢གཉིས་ཉིན་ཞི་ཅིན་ཕིང་གིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག འགོ་ཚུགས་གསར་པའི་ཐོག་ནས་རྒྱུན་ཆད་མེད་པར་རིག་གནས་དར་རྒྱས་གཏོང་བ་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ། ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་བཅས་ནི་ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཡིན་པས། རིག་གནས་ཡིད་ཆེས་བརྟན་པོ་དང་།འགན་འཁྲི་ཁུར་ཐུབ་པ།བརྩོན་ལེན་ལྷོད་མེད་རྒྱུན་འཁྱོངས་དང་། ང་ཚོ་ལ་དབང་བའི་དུས་རབས་འདིའི་རིག་གནས་གསར་པ་མཉམ་སྐྲུན་ཧུར་ཐག་བྱས་ཏེ།ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས།
འཕྲིན་སྟེགས། weikangba