བསམ་བློ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།

2023-06-14
758

ཟླ་བ་དྲུག་པའི་ཚེས་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་འཛིན་སྐྱོང་འཕེལ་གསུམ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག  ཀྲུང་གོའི་རིག་གནས་ཕུགས་ཡུན་རིང་ཞིང་། ཀྲུང་ཧྭའི་ཤེས་དཔལ་ཕུན་སུམ་ཚོགས། ཀྲུང་ཧྭའི་ཤེས་དཔལ་ལོ་རྒྱུས་ལ་རྒྱུས་ལོན་ཆ་ཚང་བྱས་ན། ད་གཟོད་ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་གསར་གཏོད་རང་བཞིན་གྱི་ལུགས་བསྒྱུར་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བྱེད་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་དེང་རབས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བྱེད་ཐུབ་ཅེས་ནན་གསུངས་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་རང་རྟོགས་ཇེ་དྲག་དང་། རིག་གནས་ཡིད་ཆེས་ཇེ་བརྟན། མི་རིགས་བསྐྱར་དར་མངོན་འགྱུར་གྱི་མཐོ་ཚད་ནས། ནང་དོན་ཕུན་སུམ་ཚོགས་པ་དང་། ངོ་མཚར་གསོན་ཉམས་ལྡན་པའི་ཀྲུང་གོའི་སྙིང་སྟོབས་རབ་དང་རིམ་པ་བཏོན་ཡོད་ལ། ཀྲུང་ཧྭ་མི་རིགས་ལོ་རྒྱུས་རྒྱུན་བསྲིངས་པ་དང་། མི་རིགས་བསྐྱར་དར་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པ། མི་རིགས་སྙིང་སྟོབས་རྒྱུན་འཛིན་པའི་བསམ་པའི་མ་ལག་བཙུགས་ནས། ཀྲུང་ཧྭའི་མི་རིགས་བསྐྱར་དར་རླབས་པོ་ཆེར་མངོན་འགྱུར་ཡོང་བར་བསམ་པའི་སྟོབས་ཤུགས་རྒྱུན་མ་ཆད་པར་བཏོན་ཡོད།

པེ་ཅིན་གྲོང་ཁྱེར་དཀྱིལ་ཐིག་གི་བྱང་རྒྱུད་བསྲིངས་ལམ་ཐོག རྒྱ་ཡིག་གིས་བྲིས་པའི་ལོ་རྒྱུས་ཞེས་པའི་ཡི་གེ་ཆེན་པོ་བཀལ་ཡོད་པའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་། ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་ཁང་བཅས་ལས་པེ་ཅིན་རིག་གནས་མཚོན་བྱེད་ཀྱི་ཚོགས་པ་གསར་པ་གྲུབ་པ་རེད། རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་གནའ་ཤུལ་དངོས་མང་བཤམས་སྟོན་ཁང་ཐོག་མ་དེ་ལོ་རྒྱུས་ཞིབ་འཇུག་ཁང་ནང་དུ་ཆགས་ཡོད་ཅིང་། འདི་ན་གནའ་དཔྱད་རིག་རྫས་སྟོང་དྲུག་དང་གནའ་བོའི་ཚད་ལྡན་ཡིག་ཆ་རྩ་ཆེན་བཅས། ལོ་ངོ་སྟོང་ལྔ་ལྷག་གི་ཀྲུང་གོའི་རིག་གནས་འཕེལ་རིམ་དང་། རྒྱལ་ཕྱི་ནང་གི་རིག་གནས་བརྗེ་རེས་ལོ་རྒྱུས་མངོན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ་བ་དྲུག་པའི་ཚེས་གཉིས་ཉིན་འདི་ལ་རྟོག་ཞིབ་ཕེབས་དུས། ཀྲུང་ཧྭའི་རིག་གནས་ལ་ལོ་རྒྱུས་རིང་ཞིང་། ཀྲུང་ཧྭའི་རིག་གནས་ཕུན་སུམ་ཚོགས་པ་ལ་ངོས་ཟིན་བྱེད་བསམ་ན་གནའ་དཔྱད་རིག་པ་དང་བྲལ་ཐབས་མེད་པས།

ཀྲུང་ཧྭའི་དཔལ་ཡོན་འབྱུང་ཁུངས་དང་སྔ་དུས་འཕེལ་རྒྱས་བཅས་ཕྱོགས་བསྡུས་ཞིབ་འཇུག་དང་། ཀྲུང་གོའི་གནའ་རྫས་དཔྱད་ཞིབ་སོགས་ལས་གཞི་གལ་ཆེན་ལག་ལེན་ཡག་པོ་བསྟར་ནས་ཀྲུང་ཧྭའི་ཤེས་དཔལ་འགོ་ཁུངས་ཞིབ་འཇུག་དང་སྒྲོག་འགྲེལ་ཡག་པོ་རྒྱག་དགོས་ཞེས་གསུངས།

ཀྲུང་ཧྭའི་དཔལ་ཡོན་ནི་འཛམ་གླིང་ དཔལ་ཡོན་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་དཔལ་ཡོན ་གྱི་འགོ་ཁུངས་དང་ཆགས་ཚུལ། སྔ་དུས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་འཇུག་དང་རིགས་པས་སྒྲུབ་པར་དོ་སྣང་ཆེན་པོ་གནང་ཞིང་ཡོད། ཝན་ཧྲོའུ་བྲག་རིའི་གནའ་མིའི་ཤུལ་གནས་མྱུར་སྐྱོབ་དང་སྲུང་སྐྱོང་ནས། ལིའང་ཀྲུའུ་གནའ་གྲོང་གི་ཤུལ་བཞག་རེ་ཞུ། མིས་བཟོས་གཙང་པོའི་ཕྱོགས་བསྡུས་སྲུང་སྐྱོང་བེད་སྤྱོད་ནས་ཀྲེང་ཏིང་གནའ་གྲོང་ཞིག་གསོ་བར་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནའ་དཔྱོད་འཚོལ་ཞིབ་དང་གཞི་རྩའི་རྩད་གཅོད་ལས་ཀྲུང་ཧྭའི་ དཔལ་ཡོན་གྱི་ངོ་མཚར་ངོམས་པའི་སྐོར་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ དཔལ་ཡོན་ཁུངས་རྩད་ལས་གཞི་སྐོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་འཚོགས་ནས་ཀྲུང་ཧྭའི་ དཔལ་ཡོན ་ལོ་རྒྱུས་ཕུགས་ཡུན་རིང་ཞིང་རྒྱ་ཆེ་གཏིང་ཟབ་པ་དེ། ཀྲུང་ཧྭའི་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བསམ་པའི་མཚོན་རྟགས་ཡིན་ལ། དེང་རབས་ཀྲུང་གོའི་རིག་གནས་ཀྱི་གཞི་རྩ་དང་། འཛམ་གླིང་ཐོག་གི་ཀྲུང་གོ་བའི་བསམ་པའི་འབྲེལ་ཟམ་དང་ཀྲུང་གོའི་རིག་གནས་གསར་གཏོད་ཀྱི་གཅེས་ནོར་ཡིན་ཞེས་གསུངས་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སློབ་སྦྱོང་པུའུའི་ཨུ་ཡོན། ལོ་རྒྱུས་རིག་པའི་པུའུའི་ཀྲུའུ་རེན་ཝང་ཝེ་ཡིས། ཀྲུང་ཧྭའི་དཔལ་ཡོན་ཁུངས་རྩད་ལས་གཞི་ཡིས་ང་ཚོ་ལ་ཀྲུང་ཧྭའི་དཔལ་ཡོན་གྱི་འགོ་ཁུངས་དང་གྲུབ་ཚུལ། འཕེལ་རྒྱས་ལོ་རྒྱུས་ཀྱི་བརྒྱུད་རིམ། ཀྲུང་ཧྭའི་དཔལ་ཡོན་སྣ་མང་གོར་བུ་གཅིག་གི་གྲུབ་ཚུལ་དང་འཕེལ་རིམ། ཀྲུང་ཧྭའི་དཔལ་ཡོན་གྱི་ཁྱད་ཆོས་དང་དེའི་རྒྱུ་རྐྱེན་སོགས་ཕྱོགས་ཡོངས་ནས་ངོས་འཛིན་གསལ་པོ་ཆགས་བཅུག་ཡོད། ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་རིག་གནས་ཀྱིས་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མི་ཆད་པ་དང་སྣ་མང་ཕུང་གཅིག  འབྲེལ་འདྲིས་མཉམ་གནས་ཀྱི་ཁྱད་ཆོས་འབུར་ཐོན་ལ་ར་འཕྲོད་པར་མ་ཚད། ང་ཚོས་ཀྱང་དཔལ་ཡོན་སྤྱི་ཚོགས་ནས་ཀྲུང་གོའི་འཆར་འགོ་ལ་ངོས་འཛིན་ཏེ། གྲོང་ཁྱེར་དང་གྲལ་རིམ། རྒྱལ་དབང་དང་རྒྱལ་ཁབ་བཅས་ཆགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ནི་འཛམ་གླིང་དཔལ་ཡོན་འགོ་ཁུངས་ཞིབ་འཇུག་ལ་གསར་དུ་གཏོད་པའི་བྱས་རྗེས་ཡིན་ཞེས་གསུངས་ཡོད་ཅེས་བཤད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་གནང་བར་བརྟེན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དཔལ་ཡོན་འབྱུང་ཁུངས་དང་གནའ་རྫས་བརྟག་དཔྱད་ལས་དོན་གཏིང་ཟབ་སྤེལ་ནས་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་ཡོད། ༢༠༢༢ལོའི་ཧུའུ་པེ་ཧྲི་ཡན་སློབ་གྲྭའི་ལིའང་ཚིའི་གནའ་ཤུལ་དུ་ཡུན་རྫོང་མིའི་མགོ་རུས་ཨང་རྟགས་གསུམ་པ་རྙེད་ཡོད། དེ་ནི་ད་བར་ཡོ་རོབ་དང་ཡ་གླིང་གི་སྐམ་སའི་ཐོག་ཤེས་རྟོགས་བྱུང་བའི་དུས་རབས་གཅིག་གི་མིའི་མགོ་རུས་ཀྱི་འགྱུར་རྡོ་ཆ་ཚང་ཤོས་ཡིན་པ་རེད་ལ། ད་བར་དུ་ལོ་ས་ཡ་གཅིག་ཙམ་འགོར་ཡོད། ལོ་ངོ་འབུམ་གཅིག་ཁྲི་གསུམ་ཡར་སྔོན་གྱི་སི་ཁྲོན་ཕི་ལུའོ་གནའ་ཤུལ་དུ་སྟ་རེ་དང་སྟ་སོ་སྤུས་ལེགས་ཁྲི་གཅིག་ཙམ་རྙེད་ཡོད། ཨེར་ལི་ཐུའོ་དང་ཐའོ་སི། ཧྲི་མའོ། ལིའང་ཀྲུའུ། སན་ཞིན་ཏུའེ་སོགས་ཀྲུང་ཧྭའི་དཔལ་ཡོན་འགོ་ཁུངས་རྩད་ཞིབ་ལས་གཞི་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་དེས། རང་རྒྱལ་གྱི་ལོ་ངོ་ས་ཡ་གཅིག་ལྷག་གི་མིའི་རིགས་ཀྱི་ལོ་རྒྱུས་དང་ལོ་ངོ་ཁྲི་གཅིག་གི་རིག་གནས་ལོ་རྒྱུས། ལོ་ངོ་སྟོང་ལྔའི་དཔལ་ཡོན་ལོ་རྒྱུས་བཅས་ལ་བདེན་དཔང་བྱས་ཡོད། ཀྲུང་ཧྭའི་ས་གཞིའི་ཐོག་ཏུ་བརྗིད་ཆགས་ལྡན་པའི་དཔལ་ཡོན་གྱི་རླབས་ཕྲེང་གཏན་ནས་རྒྱུན་ཆད་མེད་པ་རེད།

རྒྱལ་ཁབ་རིག་དངོས་ཅུས་ཀྱི་གནའ་རྫས་བརྟག་དཔྱད་སིའི་གནའ་རྫས་བརྟག་དཔྱད་དོ་དམ་ཁྲུའུ་ཡི་འགོ་འཛིན་ཧུའུ་ཁྲོན་སུང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ལྟར། ཀྲུང་ཧྭའི་དཔལ་ཡོན་གྱི་འགོ་ཁུངས་ལས་མངོན་པའི་འབུར་དུ་ཐོན་པའི་རྒྱུན་མཐུད་རང་བཞིན་དང་གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། ཁོག་ཡངས་རང་བཞིན། ཞི་བདེ་རང་བཞིན་བཅས་ལ་ཞིབ་འཇུག་དང་རྒྱས་བཤད་གསལ་པོ་བྱེད་པ་དང་། ཀྲུང་ཧྭའི་དཔལ་ཡོན་ནི་བྱམས་བརྩེ་ལྡན་པ་དང་དམངས་འདོད་གཙིགས་ཆེན། ཁ་དན་ཚིག་གནས། དྲང་བདེན་དང་ཞི་བདེ་ལ་མོས་གུས། མཐུན་པ་བརྩོན་ལེན་བཅས་ཀྱི་བསམ་པའི་ཁྱད་ཆོས་དང་འཕེལ་རྒྱས་གནས་བབ་ལ་ཞིབ་འཇུག་དང་རྒྱས་བཤད་བྱེད་པ། ཀྲུང་གོའི་ཐབས་ལམ་གྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་པོ་གསལ་སྟོན་བྱེད་དགོས་ཞེས་བཤད།

རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་མི་བྱེད་པ་དང་། རིག་གནས་རྒྱུན་འཛིན་དང་དར་རྒྱས་མ་གཏང་ན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་མི་ཐུབ། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བར་བརྟེན། ཀྲུང་ཧྭའི་དཔལ་ཡོན་ལ་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་གཟི་བརྗིད་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་པ་དང་། རིག་གནས་ཀྱི་ཡིད་ཆེས་ཇེ་དྲག་གཏོང་བ་དང་། ཀྲུང་ཧྭའི་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྱོང་བྱེད་པ། མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བསམ་པའི་སྒུལ་ཤུགས་སྐྱེད་ངེས་རེད།

  • 顶 0