རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་མཐུ་ནུས་དེང་རབས་ཅན་དུ་སྐུལ་འདེད་ཇེ་མགྱོགས་གཏོང་དགོས།

2023-06-09
490

རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་མཐུ་ནུས་དེང་རབས་ཅན་དུ་སྐུལ་འདེད་ཇེ་མགྱོགས་གཏོང་དགོས།

ཟླ་བ་ལྔ་པའི་ཚེས་སུམ་ཅུ་ཉིན།  སྐབས་ཉི་ཤུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག  ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། རྒྱལ་ཁབ་བདེ་འཇགས་ཐད་ལ་འཕྲད་པའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་ལོན་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ལ་གདེང་ཚོད་ཡང་དག་རྙེད་ཅིང་། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་ཇེ་མགྱོགས་གཏོང་བ།  བདེ་འཇགས་ཀྱི་གནས་བབ་གསར་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བྱས་ཏེ། འབད་པ་ཆེན་པོས་རྒྱལ་ཁབ་བདེ་འཇགས་ལས་ཀའི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་གསུངས།

  • 顶 0