
མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་ཁུར་ཞིང་འཛམ་གླིང་གི་ངོ་མཚར་སྐྲུན་ཕོད་པའི་རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣ་སྐྱེད་སྲིང་བྱེད་དགོས།
༢༠༢༣ལོའི་ཟླ་བ་ལྔ་པའི་ཚེས་༣༡ཉིན་ཞི་ཅིན་ཕིང་གིས་པེ་ཅིན་མཁས་སྐྱོང་སློབ་གྲྭར་གཟིགས་ཞིབ་གནང་སྐབས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གསོའི་མ་ལག་ནི་བཟང་པོ་ཡིན་ལ། རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་དེ་འཛམ་གླིང་ཐོག་ལའང་དགེ་མཚན་ལྡན་པས། ང་ཚོར་རིག་གནས་ཀྱི་ཡིད་ཆེས་བརྟན་པོ་དང་། རང་ཉིད་ཀྱི་ལེགས་ཆ་རྒྱུན་འཁྱོངས་བྱས་ཐོག ཕྱི་རྒྱལ་གྱི་བཟང་སར་སློབ་སྦྱོང་ཡག་པོ་བྱེད་པ་དང་། དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ཞིང་སྒོ་འབྱེད་འཕེལ་རྒྱས་བཏང་ནས། སློབ་མ་རྣམས་སྔར་ལས་མཐོང་རྒྱ་ཆེ་ཞིང་བློ་སྒོ་ཡངས་པ། སྒོ་རབ་འབྱེད་པའི་འདུ་ཤེས་བསྐྱེད་དེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྗིད་མོ་འཁུར་ཐུབ་པ་དང་འཛམ་གླིང་གི་ངོ་མཚར་སྐྲུན་ཕོད་པའི་རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣ་སྐྱེད་སྲིང་བྱེད་དགོས་ཞེས་གསུངས།
འཕྲིན་སྟེགས། weikangba