རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བའི་སྐོར།

2024-08-02
468

    ༢༠༢༤ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན། ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གསུང་བཤད་གནང་སྐབས།

    ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། ཁ་ཕྱོགས་བཞི་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་ནས།འཐབ་ཇུས་ཁྲིད་སྟོན་གྱི་ཐོག་མའི་གསར་གཏོད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་དེ་རྩ་འཛུགས་ཡོད་པའི་སྒོས་མདུན་སྤེལ་བྱེད་དགོས་ཞེས་གསུངས།


  • 顶