
ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོར་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོར་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨུ་རུ་སུ་དཀར་པོ་དེ་དངོས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིར་གྱུར་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། 2023ལོར། སྐུ་ཞབས་ཙུང་ཐུང་གིས་ཐེངས་གཉིས་ལ་ཀྲུང་གོར་འཚམས་འདྲི་གནང་སྟེ། ང་ཚོས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་དུས་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཇུས་འགོད་བཟོས། ད་ལོའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་དམ་ཟབ་དུ་གྱུར་ཞིང་། ང་ཚོས་ཐུན་མོང་གི་ངོས་འཛིན་ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབས་བྱས། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བ་དེ་མུ་མཐུད་དུ་བདེ་ཐང་དང་གོམ་སྟབས་ཆེན་པོས་འཕེལ་རྒྱས་སུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁོར་ཐུག་འཕྲད་གནང་།
ལུའུ་ཁ་ཧྲིན་ཁོས་བསྟན་དོན། ཀྲུང་གོས་ཨུ་རུ་སུ་དཀར་པོ་དངོས་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན་ལ། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་གིས་ཁ་སང་ཨུ་རུ་སུ་དཀར་པོ་ནས་འཁྲབ་སྟོན་གནང་བར་དགའ་བསུ་ཆེན་པོ་ཐོབ་ལ། འདི་ནི་ཨུ་རུ་སུ་དཀར་པོ་དང་ཀྲུང་གོའི་མཛའ་བརྩེ་ཡང་བསྐྱར་མཚོན་ཐབས་ཤིག་རེད། ཨུ་རུ་སུ་དཀར་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་སྦར་ཛིལ་གྱི་ཐུན་མོང་ཐོག་བཏོན་པའི་ཆབ་སྲིད་ཀྱིས་ཝུའུ་ཁི་ལན་ཉམས་ཉེན་ཐག་གཅོད་པའི་ཐུན་མོང་གི་ངོས་འཛིན་དྲུག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། སྔར་ལས་ལྷག་པར་ཨུ་རུ་སུ་དཀར་པོ་དང་ཀྲུང་གོའི་ཕྱོགས་མང་མཐུན་སྦྱོར་དམ་ཟབ་དུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས།
འཕྲིན་སྟེགས། weikangba