ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐའེ་ལེ་སི་ལ་ཐུག་འཕྲད་གནང་བ།

2024-07-05
263

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐའེ་ལེ་སི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐའེ་ལེ་སི་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ཡང་སྔ་ན་མེད་པ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་རིང་ལུགས་ལག་བསྟར་དང་འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་སྟེགས་བུ་ཞིག་ཡིན་པས། བྱེད་ནུས་ཇེ་ཆེར་གཏོང་བ་ལས་ཇེ་ཆུང་དུ་གཏོང་མི་རུང་། རྒྱལ་སྤྱིའི་གནས་བབ་ཅི་ལྟར་འགྱུར་ལྡོག་བྱུང་རུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དངོས་གནས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་བྱེད་ནུས་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཡིན། མིའི་རིགས་ཀྱི་གྲུ་གཟིངས་ཆེན་པོ་འདི་མ་འོངས་པར་བསྐྱོད་པར་ཐོགས་ཐུག་མེད་པ་ཞིག་གཏན་ནས་མིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སྐྱིད་སྡུག་མཉམ་མྱོང་བྱས་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་ཡོང་བར་ཁག་ཐེག་བྱེད་དགོས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་རྩེ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ། རྩེ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། འཛམ་གླིང་བཅོས་སྐྱོང་དེ་སྔར་ལས་ལུགས་མཐུན་དྲང་བདེན་གྱི་ཕྱོགས་སུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་བཅོས་སྒྱུར་དང་མི་ཐབས་རིག་ནུས་ཀྱི་འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གཙོ་ཁྲིད་ཀྱི་བྱེད་ནུས་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐའེ་ལེ་སི་ལ་ཐུག་འཕྲད་གནང་།

ཀུའུ་ཐའེ་ལེ་སི་ཡིས་བསྟན་དོན། ད་ལྟར་སྤྱོད་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་ལྷག་པར་དུ་རྒྱལ་སྤྱིའི་དངུལ་རྩའི་ལམ་སྲོལ་ལ་བཅོས་སྒྱུར་བྱེད་དགོས་པ་དང་། རྒྱལ་སྤྱིའི་གནས་བབ་ཀྱི་འཕེལ་རྒྱས་དང་མཐུན་པའི་འགྱུར་ལྡོག་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤུགས་ཆེན་པོས་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་ལེགས་སྒྲིག་དང་མི་བཟོས་རིག་ནུས་ཀྱི་འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་བཅོས་སྐྱོང་དེ་སྔར་ལས་ལུགས་མཐུན་དྲང་བདེན་ཡོང་བར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཐུན་མོང་མངོན་འགྱུར་བྱེད་པར་ཕན་ཁེ་བསྐྲུན་རྒྱུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་རྒྱུ་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་གནད་འགག་དང་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་དགོས། མིའི་རིགས་ཀྱི་མ་འོངས་པ་ཚད་ངེས་ཅན་ཞིག་གི་ཐད་ནས་ཀྲུང་གོར་རག་ལས་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སྔར་ལས་ལྷག་པར་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱུའི་རེ་བ་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  
  • 顶