
ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཐུར་འབྲེལ་བས་གཏན་འཇགས་འཕེལ་རྒྱས་ཀྱི་རྣམ་པ་སྲུང་འཛིན་བྱས་ཡོད། ཀྲུང་ཐུར་གཉིས་ནི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཆེན་མོ་དང་འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་མི་ཡིན་པས། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དར་སྤེལ་བརྩོན་བསྙེགས་དང་རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་བརྩི་སྲུང་བྱེད་པ་སོགས་ཀྱི་ཐད་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་ལྡན་པ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ནས། མུ་མཐུད་དུ་ཆབ་སྲིད་ཀྱི་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཐུར་འཐབ་ཇུས་མཉམ་ལས་འབྲེལ་བར་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐུར་ཁེས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་བསྐྱེད་ལ་སྐུལ་ལྕག་གནང་ནས། ཀྲུང་གོའི་ཁེ་ལས་ཀྱིས་ཐུར་ཁེར་དངུལ་གཏོང་བྱེད་པར་ཤུགས་སྣོན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་རྨང་གཞི་སྒྲིག་ཆས་ལས་གཞིའི་མཉམ་ལས་ལ་སྐུལ་སྤེལ་བྱས་ཏེ། སྔར་ལས་མང་པའི་ཀྲུང་གོའི་སྤྱི་དམངས་རྣམས་ཐུར་ཁེར་ཡུལ་སྐོར་བྱེད་པར་སྐུལ་ལྕག་བྱེད་རྒྱུ་ཡིན། ཀྲུང་ཐུར་གྱིས་པ་དབྱི་འགལ་བ་དང་ཝུའུ་ཁི་ལན་ཉམས་ཉེན་སོགས་གནད་དོན་ཐད་ནས་ལྟ་ཚུལ་འདྲ་བ་མང་པོ་བྱུང་ཡོད་པས། ངེས་པར་དུ་འབྲེལ་མཐུད་དམ་ཟབ་དུ་གཏོང་དགོས། ཀྲུང་གོས་ཐུར་ཁེ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་ཁུལ་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་ཐུར་ཁེའི་ཙུང་ཐུང་ཨའེ་ཨེར་ཏའོ་ཨན་ལ་ཐུག་འཕྲད་གནང་།
ཨའེ་ཨེར་ཏའོ་ཨན་གྱིས་བསྟན་དོན། ཐུར་ཁེས་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་དང་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་བཀུར་བྱེད་ཀྱིན་ཡོད། ཀྲུང་གོ་ནི་ཐུར་ཁེའི་འཛམ་གླིང་དང་ཡ་གླིང་གི་ཆེས་གལ་ཆེ་བའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རོགས་ཟླ་ཡིན། ཐུར་ཁེས་ཀྲུང་གོའི་ཁེ་ལས་མང་པོ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བ་དང་། ཀྲུང་གོའི་ཡུལ་སྐོར་པ་མང་པོ་ཡུལ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཤུགས་སྣོན་པའི་ཐད་ཐུར་ཁེའི་འཐབ་ཇུས་འབྲེལ་མཐུད་འཕེལ་རྒྱས་སུ་བཏང་སྟེ། དཔལ་འབྱོར་ཉོ་ཚོང་དང་རྨང་གཞི་སྒྲིག་ཆས། དྭངས་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དུ་གཏོང་རྒྱུའི་རེ་བཡོད། ཐུར་ཁེས་ཀྲུང་གོས་འཛམ་གླིང་ཞི་བདེ་ཐད་བཏོན་པའི་བྱས་རྗེས་གལ་ཆེན་དང་། ཕ་ལེ་སི་ཐན་གནད་དོན་སྟེང་དྲང་བདེན་གཞུང་དྲང་གི་ལངས་ཕྱོགས་སྲུང་འཛིན་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་རྒྱུའི་རེ་བ་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས།
འཕྲིན་སྟེགས། weikangba