ཞི་ཅིན་ཕིང་གིས་ཡོ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གསར་བ་ཁོ་སི་ཐ་ལ་རྟེན་འབྲེལ་གློག་འཕྲིན་བཏང་ཞིང་ལི་ཆང་གིས་ཁོ་སི་ཐ་ལ་གློག་འཕྲིན་བཏང་།

2024-07-05
790

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏུང་ཉི་ཨའོ་ཁོ་སི་ཐ་ལ་གློག་འཕྲིན་བཏང་ནས། ཁོ་རང་ཡོ་གླིང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་གསར་བའི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་གླིང་དེ་སྣེ་མང་གནས་བབ་ཁྲོད་ཀྱི་གལ་ཆེན་དུ་བརྩི་བཞིན་ཡོད་ལ། ཡོ་རོབ་མནའ་འབྲེལ་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་བྱེད་ནུས་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་འབད་བརྩོན་བྱེད་བཞིན་ཡོད། ངས་ཀྲུང་ཡོ་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ཡོས་འཐབ་ཇུས་ངེས་གནས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དུ་གཏོང་བ། ཕན་ཚུན་རྒྱུས་ལོན་དང་ཆབ་སྲིད་ཡིད་རྟོན་ཇེ་ཟབ་དུ་གཏོང་བ། ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་བྱེད་པ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ནས་ཀྲུང་ཡོ་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁོ་སི་ཐ་ལ་རྟེན་འབྲེལ་གློག་འཕྲིན་བཏང་། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  
  • 顶