
ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ5པར། ཙུང་ཐུང་ཕུའུ་ཅིན་གྱིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཀྲུང་ཨུ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་སྐབས་སུ། ང་ཚོས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྗེས་ཕྱོགས་འཕེལ་རྒྱས་ཐད་ལ་འཆར་འགོད་དང་བཀོད་སྒྲིག་གནང་ཡོད། ཟང་ཟིང་འགྱུར་ལྡོག་གི་རྒྱལ་སྤྱིའི་གནས་བབ་ལ་ཁ་གཏད་དེ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དུས་རབས་མཛའ་མཐུན་གྱི་ཐོག་མའི་བསམ་འདུན་སྲུང་འཛིན་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆོད་སེམས་བརྟན་སྲུང་བྱེད་པ་དང་། མུ་མཐུད་དུ་ཀྲུང་ཨུ་འབྲེལ་བའི་ཁྱད་འཕགས་ཀྱི་རིན་ཐང་སྲུང་འཛིན་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔོག་འདོན་གྱིས། རྒྱལ་ཁབ་གཉིས་ཀྱི་ལུགས་མཐུན་ཁེ་དབང་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་པར་འབད་འཐབ་གསར་བ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨུ་ཡིས་མུ་མཐུད་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་རྒྱལ་སྤྱིའི་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་དགོས། ཀྲུང་གོས་ཨུ་རུ་སིས་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁྲི་བསྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་ལྷོ་ཕྱོགས་ལ་མཐུན་སྒྲིལ་བྱས་ཏེ། འཇམ་འཐབ་གསར་བ་འགོག་སྡོམ་བྱེད་པ་དང་། ཁྲིམས་འགལ་གྱི་ཕྱོགས་རྐྱང་བཀག་སྡོམ་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན། སང་ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐ་ནའི་རྩེ་ཚོགས་འཚོག་རྒྱུ་ཡིན། ཀྲུང་གོས་ཨུ་རུ་སི་དང་ཁོངས་མི་རྒྱལ་ཁབ་སོ་སོ་དང་མཉམ་དུ། རང་རྩ་འཛུགས་ཀྱི་འཕེལ་རྒྱས་དེ་ཡུན་རིང་སྲ་བརྟན་ཡོང་བར་སྐུལ་འདེད་བཏང་སྟེ། སྔར་ལས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གསར་འཛུགས་བྱེད་རྒྱུའི་རེ་བ་ཡོད། ཀྲུང་ཨུ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་དང་ཐུན་མོང་ཐོག་རང་ས་ཁུལ་གྱི་བདེ་འཇགས་བརྟན་རླིང་ལ་སྲུང་སྐྱོབ་བྱེད་དགོས།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་གནང་།
ཕུའུ་ཅིན་གྱིས་བསྟན་དོན། ད་ལོའི་ཟླ5པར་ངས་ཀྲུང་གོར་འཚམས་འདྲི་གནང་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷག་བསམ་རྣམ་དག་སྒོས་སྣེ་ལེན་བྱས་པར་བཀའ་དྲིན་ཞུ་རྒྱུ་ཡིན། ང་ཚོས་མཉམ་དུ་ཨུ་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུས་པ་མ་ཟད་ཨུ་ཀྲུང་འབྲེལ་བའི་མ་འོངས་འཕེལ་རྒྱས་ལ་འཆར་འགོད་བཟོས་ཡོད། མིག་སྔར། ཨུ་ཀྲུང་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་སར་གནས་ཤིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་བྱས་ནས། ཨུ་ཀྲུང་འབྲེལ་བས་མནའ་འབྲེལ་མི་བྱེད་པ་དང་ཕྱོགས་གསུམ་པར་དམིགས་གཏད་མི་བྱེད་པར། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཨུ་རུ་སིས་ཀྲུང་གོས་རང་སྟེང་གི་ལྟེ་བའི་ཁེ་ཕན་དང་ལུགས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ལྷོ་རྒྱ་མཚོའི་གནད་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོས་ཅུང་མ་འགོར་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་བསྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པས། ཨུ་རུ་སིས་ཤུགས་ཆེན་པོས་ཀྲུང་གོའི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས། ཁོངས་མི་རྒྱལ་ཁབ་གཞན་པ་དང་མཉམ་དུ། མུ་མཐུད་དུ་རྩ་འཛུགས་འདིའི་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་ཆེར་བཏང་སྟེ། ས་ཁུལ་གྱི་ཞི་བདེ་བདེ་འཇགས་ལ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་དེ་སྔར་ལས་དྲང་བདེན་ལུགས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ད་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་བསྐོར་ཀྲུའུ་ཞི་ཡིན་པའི་ཆ་ནས། ཨུ་རུ་སིས་ཀྲུང་གོ་དང་མཉམ་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དང་མཐུན་སྦྱོར་རོགས་ལས་ཤུགས་སྣོན་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་རུང་ཐུན་མོང་གི་ཐུགས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས། ཞི་མཐུན་གྲོས་མོལ་རྒྱུན་འཁྱོངས་ཀྱིས་མུ་མཐུད་དུ་ཆབ་སྲིད་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པ་སོགས་ས་ཁུལ་གྱི་ཚ་གནད་ཐག་གཅོད་པར་འབད་བརྩོན་བྱེད་འདོད་ཡོད། །
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས།
འཕྲིན་སྟེགས། weikangba