ཞི་ཅིན་ཕིང་གིས་ཨ་སའེ་པའེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་བ།

2024-07-04
1317

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཨ་སའེ་པའེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཨ་སའེ་པའེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་སའེ་པའེ་ཅང་ནི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་བཟང་པོ་དང་འདྲ་མཉམ་གཉིས་ཕན་གྱི་རོགས་ཟླ་བཟང་པོ་ཡིན། ཀྲུང་ཨ་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གཡུར་དུ་ཟབ་བའི་གྲུབ་འབྲས་ཐོབ་པ་དང་། འཐབ་ཇུས་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར། ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བའི་ངེས་གནས་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་སུ་བཏང་ཞིང་། འདི་ནི་ངེས་གནས་གསར་བ་ཡིན་ལ་མགོ་རྩོམ་ས་གསར་བའང་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མཐའ་གཅིག་ཏུ་ཨ་སའེ་པའེ་ཅང་གིས་རྒྱལ་ཁབ་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨ་སའེ་པའེ་ཅང་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། སྣུམ་རླངས། འོད་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་བཏང་ནས། མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་དང་ལི་ཧའེ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ཁྱམས་ར་འཛུགས་སྐྲུན་ལེགས་པོ་བྱས་ནས་ཀྲུང་ཡོ་མེ་འཁོར་བདེ་ཐང་དང་གཏན་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་དགོས། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། ཡུལ་སྐོར། ན་གཞོན། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་སྔར་ལས་མང་པོ་སྤེལ་ཏེ། ཀྲུང་ཨ་མཛའ་མཐུན་གྱི་དམངས་སེམས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཀྲུང་གོས་ཨ་སའེ་པའེ་ཅང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་སྐབས་ཉེར་དགུ་པའི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱས་ནས། ཨ་སའེ་པའེ་ཅང་དང་མཉམ་དུ་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཁོངས་ཡངས་ཀུན་ཕན་གྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སྔོན་དུ་ཨ་སའེ་པའེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཨ་ལི་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་ཀྲུང་རྒྱལ་ཁབ་གཉིས་ནི་རོགས་ཟླ་བཟང་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་དང་རིམ་པ་སོ་སོས་འབྲེལ་འདྲིས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོ་ཉོ་ཚོང་སྤྱི་འབོར་མུ་མཐུད་དུ་ཇེ་མང་དུ་སོང་ཞིང་། རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཕན་ཚུན་གྱི་སྒེར་ཚུགས་རང་བདག་དང་མངའ་ཁོངས་ཆ་ཚང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་རིང་ང་ཚོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཐུན་མོང་ཐོག་ཨ་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ལ། འདིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ལྡན། ཨ་སའེ་པའེ་ཅང་གིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱས་ཏེ། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་གྱི་ལས་དོན་ཆེན་པོ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། འདི་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་པས་སྟོབས་ཤུགས་གང་གིས་ཀྱང་འགོག་ཐབས་མེད། ཨ་སའེ་པའེ་ཅང་གིས་ཀྲུང་གོ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། སྦས་ཤུགས་སྔོག་འདོན་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས་གསར་བ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་མཐུན་སྦྱོར་དམ་ཟབ་དུ་བཏང་སྟེ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་དང་ས་ཁུལ་གྱི་བདེ་འཇགས་བརྟན་རླིང་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱ་ཁབ་དང་ཨ་སའེ་པའེ་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ། 

ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྐོར་གྱི་ཡིག་ཆར་མིང་རྟགས་བཀོད།

ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  
  • 顶