《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཀྲུང་ཐའི་དཔེ་ཀློག་འདུ་ཚོགས་དུ་ཤང་པེར་འཚོགས་པ།

2024-06-25
1115

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དུ་ཤང་པེ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་22ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་ཀྲུང་ཐའི་དཔེ་ཀློག་འདུ་ཚོགས་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེར་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་སྲིད་ཕྱོགས་དང་། རིག་གཞུང་ལས་རིགས། དཔེ་སྐྲུན་ལས་རིགས་སོགས་ལས་རིགས་ཁག་གི་འཐུས་མི་150ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཡི་དཔེ་དེབ་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་དང་འཕེལ་རྒྱས་ཀྱི་གནས་ཚུལ་གསལ་བཤད་གཏིང་ཟབ་གནང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གནད་དོན་ལ་བསམ་གཞིག་གཏིང་ཟབ་གནང་བ་གཅིག་སྡུད་དུ་མཚོན་ཡོད་ལ། ཐ་ཇིག་སི་ཐན་གྱི་ཡི་གེའི་པར་གཞི་དཔེ་སྐྲུན་བྱས་པ་དེས་ཐ་ཇིག་སི་ཐན་ཕྱོགས་ཀྱི་ཀློག་པ་པོས་དུས་རབས་གསར་པའི་ཀྲུང་གོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་ཞིབ་ཕྲ་ཐུབ་པར་དབང་གྲགས་ལྡན་པའི་ཀློག་དེབ་ཅིག་མཁོ་འདོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྲུང་གོར་ཐོབ་པའི་ཉམས་མྱོང་དང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ལས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཤར་ནུབ་ཀྱི་ཤེས་དཔལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བརྗོད། བྱེད་སྒོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཐ་ཇིག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

  • 顶