ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥིན་ཆུས་ཁྲང་ཁྲེན་ལྡུམ་རའི་སྡེ་ཁུལ་དུ་རྟོག་ཞིབ་མཛད། མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་དེ་དགའ་སྤྲོ་ངང་སྐྱིད་པོར་གནས་བ་དང་། མི་རིགས་སོ་སོའི་མང་ཚོགས་འཆམ་མཐུན་མཉམ་གནས་དང་འཚོ་བར་བདེ་སྐྱིད་ལྡན་པ་མཐོང་རྗེས། ཞི་ཅིན་ཕིང་ཧ་ཅང་དགའ་སྤྲོ་སྐྱེ། ཁོང་གིས་གསུངས་རྒྱུར། མི་རིགས་མཐུན་སྒྲིལ་ནི་ཧ་ཅང་གལ་ཆེན་ཡིན་ཞིང་། ང་ཚོའི་མི་རིགས་ལྔ་བཅུ་ང་དྲུག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་དགོས། མི་རིགས་ལྔ་བཅུ་ང་དྲུག་གོང་བུ་གཅིག་ཏུ་བསྒྲིལ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་ཡིན་ལ། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱ་དགོས། །




ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba