ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་གནང་།

ཚེས༡༨ཉིན་གྱི་ཕྱི་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་གནང་། ཁོང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་ཕེབས་ནས་ས་གནས་དེ་གའི་སློབ་གསོའི་བྱ་བའི་ཐད་ཀྱི་ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་རོགས་རེས་དང་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།





རྩོམ་སྒྲིག་པ། མཚོ་ལྷ།