《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ(2023ལོའི་པར་གཞི》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

2023-12-26
929

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གླེང་བ(2023ལོའི་པར་གཞི》དེ་ཉེ་ལམ་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས། 

ཆེད་དོན་རྩོམ་ཡིག་ཕྱོགས་སྒྲིག་དེར་བློ་མཐུན་ཞི་ཅིན་ཕིང་གི2013ལོའི་ཟླ9པ་ནས2023ལོའི་ཟླ11པའི་བར་སྐབས་ཀྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གྱི་རྩོམ་ཡིག་གལ་ཆེན78བཀོད་ཡོད།

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཀྲུང་གོ་ནས་བྱུང་བ་དང་འཛམ་གླིང་ལ་གྲུབ་འབྲས་དང་གོ་སྐབས་བསྩལ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཀྱི་གྲོས་མགོ་བཏོན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་རེ་སྙེག་བྱེད་པའི་ཐུན་མོང་གི་ཕུགས་འདུན་ལ་དམིགས་ནས་འཛམ་གླིང་ཡོངས་ལ་ཤར་ཕྱོགས་ཀྱི་བློ་གྲོས་འཛོམས་ཤིང་ཐུན་མོང་ཕྱུག་འགྱུར་གྱི་བྱེད་ཐབས་ཤིག་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་ཁྲོད་ཚུར་སྣང་བྱུང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྐྱོད་རྒྱུན་འཁྱོངས་བྱེད་པ་དང་དཔལ་ཡོན་མི་འདྲ་བ་དང་རིག་གནས་མི་འདྲ་བ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་མི་འདྲ་བ། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་བར་ཁྱད་ལས་བརྒལ་ནས་རྒྱལ་ཁབ་སོ་སོས་འབྲེལ་འདྲིས་བྱེད་པའི་རྒྱུད་ལམ་གསར་བ་བཏོད་པ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་བ་ཆགས་པར་བྱས་ལ། མིའི་རིགས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩ་གྲུབ་པར་བྱས་ནས་གོ་ལ་ཧྲིལ་བོར་ཆེས་དགའ་བསུ་ཐོབ་པའི་སྤྱི་བའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་རུ་གྱུར་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས་འཛམ་གླིང་ཧྲིལ་བོའི་རྒྱལ་ཁབ་སོ་སོར་གོ་སྐབས་གསར་བ་འདོན་སྤྲོད་བྱས་པར་མ་ཟད། ཀྲུང་གོའི་སྒོ་འབྱེད་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་བླངས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ལོ་རྒྱུས་ཀྱི་དྲང་ཕྱོགས་སུ་ལངས་པ་དང་དུས་རབས་འཕེལ་རྒྱས་ཀྱི་བབ་དང་མཐུན་ལ་དྲང་བོའི་ལམ་དུ་ཞུགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛུབ་སྟོན་རྩ་དོན་དང་ཕུན་སུམ་ཚོགས་པའི་ནང་དོན། དམིགས་འབེན། རྒྱུད་ལམ་སོགས་ལ་གསལ་བཤད་གཏིང་ཟབ་གནང་ཡོད་ཅིང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་དུ་སྤེལ་བ་དང“རྒྱུད་གཅིག་ལམ་གཅིག”ལ་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ། སྒོ་འབྱེད་ཁོང་ཡངས་དང་མཉམ་འབྲེལ་མཉམ་འདྲེས། ཐུན་མོང་འཕེལ་རྒྱས་ཀྱི་འཛམ་གླིང་བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན།  །

  • 顶