ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་སའེ་ཤིས་ཨེ་ཅིབ་ཀྱི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ།

2023-12-21
968

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཨ་པུའུ་ཏུའུ་ལེ་ཧྥ་ཐ་ཧོ·སའེ་ཤིས་ལ་གློག་འཕྲིན་བཏང་ནས། ཁོང་ཨ་རབ་ཀྱི་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཅིབ་ནི་བློ་སེམས་གཅིག་མཐུན་དང་ཕན་ཚུན་ཡིད་ཆེས་ཡོད་པའི་གྲོགས་པོ་ཡག་པོ་ཞིག་རེད་ལ། མཉམ་དུ་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་གཏོང་བའི་རོགས་ཟླ་ཡག་པོ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་ཨེའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་སའེ་ཤིས་དང་མཉམ་དུ་འབད་བརྩོན་བྱས་ཏེ་མུ་མཐུད་ཕན་ཚུན་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཀྲུང་ཨེའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོང་བཅས་བྱས་ནས། ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་ཟམ་མི་ཆད་པར་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

  • 顶