༢༠༢༣ལོའི་ཟླ་དྲུག་པའི་ཚེས་གཉིས་ཉིན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་རྒྱུན་འཛིན་ལེགས་ཤོས་ནི་ལོ་རྒྱུས་གསར་པ་གསར་གཏོད་བྱ་རྒྱུ་དེ་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་ལ་གུས་བཀུར་ཆེ་ཤོས་ནི་མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་པ་གསར་གཏོད་རྒྱུ་དེ་ཡིན་པས།ཚང་མས་འགན་འཁྲི་ཕྲག་ཏུ་བླངས་ནས་དཔའ་ངར་ཞུམ་མེད་ཀྱིས་མཉམ་དུ་ང་ཚོར་དབང་བའི་དུས་རབས་འདིའི་རིག་གནས་གསར་པ་གསར་གཏོད་ཧུར་ཐག་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱ་དགོས་ཞེས་ཐུགས་རེ་གནང་།
འཕྲིན་སྟེགས། weikangba