༢༠༢༣ལོའི་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་སྐབས་གསུམ་པའི་རྒྱལ་སྤྱིའི་མཉམ་ལས་རྩེ་འཛོམས་གླེང་སྟེགས་མགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་ལ ་བུད་ཤིང་མང་ན་མེ་ལྕེ་མཐོ་བ་ནང་བཞིན་ཕན་ཚུན་རོགས་རེས་བྱས་ན་སྐྱོད་ཡུན་རིང་བར་མཐོང་ཆེན་དང་། རང་ཉིད་བདེ་ན་གཞན་ལའང་བདེ་སྐྱིད་རོལ་འཇུག་པར་བརྩི་བཀུར་བྱེད་ཀྱི་ཡོད། ཕན་ཚུན་འབྲེལ་མཐུད་དང་གཉིས་ཕན་མཉམ་ཁེ་ལག་བསྟར་བྱས་ནས། ཐུན་མོང་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་ཐུབ་པར་བརྩོན་ལེན་བྱེད་དགོས་པ་རེད་གསུངས།
འཕྲིན་སྟེགས། weikangba