ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱར་མཚན་བཀོད་གནང་།

2023-10-25
392

ཟླ་བ་བཅུ་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་བཅུ་གཉིས་པ་དང་ཨང་བཅུ་གསུམ་པ། ཨང་བཅུ་བཞི་པ་བཅས་ལ་མཚན་བཀོད་གནང་བ་རེད། ཀྲུའུ་ཞིའི་བཀའ་རྒྱ་ཨང་བཅུ་གཉིས་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་ནས་ད་ལྟར་སྤྱི་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་བཞི་ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གནང་ཡོད། ཀྲུའུ་ཞིའི་བཀའ་རྒྱ་ཨང་བཅུ་གསུམ་པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བ་བཅུ་པའི་ཚེས་ཉེར་བཞི་ཉིན་གྲོས་འཆམ་བྱུང་ནས་ད་ལྟར་སྤྱི་བསྒྲགས་བྱས་ཏེ། ཉིས་སྟོང་ཉེར་བཞི་ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གནང་ཡོད། 

ཀྲུའུ་ཞིའི་བཀའ་རྒྱ་ཨང་བཅུ་བཞི་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བ་བཅུ་པའི་ཚེས་ཉེར་བཞི་ཉིན་ཐག་བཅད་པ་ལྟར་ན། དང་པོ་ལི་ཧྲང་ཧྥུའུ་ཡི་རྒྱལ་དོན་ཨུ་ཡོན་དང་། རྒྱལ་སྲུང་པུའུ་ཀྲང་གི་གོ་གནས་ནས་འཐེན་པ། གཉིས་པ་ཆིན་ཀང་གི་རྒྱལ་དོན་ཨུ་ཡོན་གྱི་གོ་གནས་འཐེན་པ། གསུམ་པ་ཝང་ཀྲི་ཀང་ཚན་རིག་ལག་རྩལ་པུའུ་ཀྲང་གི་གོ་གནས་མར་འཐེན་པ་དང་། དབྱང་ཧུ་ཅིན་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ། བཞི་པ་ལིའུ་ཁུན་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་གོ་གནས་མར་འཐེན་པ་དང་། ལན་ཧྥོ་ཨན་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ་བཅས་བཀོད་ཡོད། 

  • 顶